14559
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བུ་མོ་སུ་ཞིག་སོ་སོའི་དཀྱུས་མ་ལོའི་ལུས་དབང་གཉིས་ཀའི་དར་གུད་གནམ་ལོའི་སྟེང་དུ་བསྐོར་པ་གུད་པ་དང་། བབས་སྨེ་གསུམ་མཐིང་ངམ་དགུ་དམར་ལ་བབས་པ་བཅས་འདོམ་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་བ་ཡིན། གལ་སྲིད་སྨེ་ཕྲེང་གཉིས་པའི་མེ་སྟག་ལོར་སྐྱེས་པའི་བུ་མོ་སུ་ཞིག་ལོ་བཅོ་བརྒྱད་ཡིན་པར་ཆ་བཞག་ན། ལུས་དབང་གཉིས་ཀྱི་ཁམས་མེ་དབུགས་ཕག་ནས་བླངས་ཏེ་ཆོས་བསྐོར་གྱིས་དུས་དེར་ཤར་བའི་གནམ་ལོ་ཆུ་ལུག་གི་སྟེང་དུ་གཏུགས་ན་འབབ་པའི་དར་གུད་གུད་པ་ཡིན་པ་མ་ཟད། སྐྱེས་སྨེ་གཅིག་དཀར་དབུས་བཞག་གི་སྟེང་ནས་ཤར་དུ་ཐོན་ཏེ་གཡོན་བསྐོར་བྱས་པའི་བབས་སྨེ་ཡང་དགུ་དམར་ལ་འབབ་པས། བུ་མོ་དེ་ལོ་དེར་གནས་ལ་འགྲོ་བའི་བག་མ་ལྟ་བུ་ཡིན། |
| Domain | རྩིས་རིག |