14573
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་བྱང་ཆུབ་སེམས་དཔའི་མཐུ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ། ༢ ནོར་བདུན་ཡོངས་སུ་གཏོང་བར་བསྟན་པའི་ཕྱིར་གོམ་པས་རྣམ་པར་གནོན་པ། ༣ སའི་ལྷའི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ། ༤ ཁམས་གསུམ་ལས་འདས་པའི་རྣམ་པར་གནོན་པ་དང༌། འགྲོས་ཡོངས་སུ་བསྟན་པའི་ཕྱིར་གོམ་པས་རྣམ་པར་གནོན་པ། ༥ གླང་པོའི་འགྲོས་དང༌། ཁྱུ་མཆོག་གི་འགྲོས་དང༌། སེང་གེའི་འགྲོས་དང༌། འགྲོས་ཐམས་ཅད་ལས་འདས་ཤིང་བྱང་ཆུབ་སེམས་དཔའི་འགྲོས་ཁྱད་པར་དུ་འཕགས་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་འགྲོས་ཀྱིས་རྣམ་པར་གནོན་པ། ༦ ས་ཆེན་པོ་ཡང་རྡོ་རྗེའི་དབྱིངས་ཀྱིས་ཀུན་ནས་བཟུང་བར་འགྱུར་ཏེ། སའི་ཕྱོགས་གཞན་གྱིས་བྱང་ཆུབ་སེམས་དཔའི་ལུས་གཟུང་བར་མི་ནུས་པ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ། ༧ སེམས་ཅན་གཞན་སྤྲོ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ། ༨ བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་གྱི་ནན་ཏན་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པས་གནོན་པ། ༩ ཆོས་ཉིད་རབ་ཏུ་ཐོབ་པས་གཞན་གྱི་དྲིང་མི་འཇོག་པ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ། ༡༠ བདག་ནི་འཇིག་རྟེན་ན་གཙོ་བོ་ཡིན། བདག་ནི་འཇིག་རྟེན་ན་ཕུལ་དུ་ཕྱིན་པ་ཡིན་ནོ་ཞེས་ཚིག་བརྗོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པའོ། ། |
| Domain | ཆོས་ལུགས། |