146
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་དབུས་གཙང་ཕྱོགས་སུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། འདུལ་འཛིན་ཆེན་པོ་ཤ་མི་སྨོན་ལམ་ཚུལ་ཁྲིམས་བསྟེན། འདུལ་བ་ལུང་སྡེ་བཞིའི་ཚིག་དོན་ཀུན་ལ་མཁས་པར་བསླབས། ཚུལ་བཞིན་དུ་སྲུང་པར་མཛད་པས་འདུལ་འཛིན་ཆེན་པོར་གྲགས། བཤེས་གཉེན་སྣེའུ་ཟུར་པ་ཡེ་ཤེས་འབར་ལས་བྱང་ཆུབ་ལམ་རིམ་ཀྱི་ཁྲིད་ཡོངས་རྫོགས་གསན། ཉམས་སུ་བླངས་ནས་མྱོང་བ་ཐོན་པར་མཛད། སྟོད་ལུང་ཐག་མ་བཟུང་ནས་སློབ་མ་མང་པོ་འདུས་པར་འདུལ་བའི་འཆད་ཉན་མཛད་པས་འདུལ་འཛིན་ཐག་མ་པར་ཞེས་གྲགས། གྲགས་ཆེ་བའི་སློབ་མ་ནི་ལྷོ་བྲག་མཁན་ཆེན་ནམ་མཁའ་སེང་གེ་དང་། དཔོན་དཔལ་ཆེན་རྡོར་གཞོན། སྦལ་ཏི་ཇོ་སྲས་བཅས་ཡིན། ལམ་རིམ་བླ་མ་བརྒྱུད་པའི་བླ་རབས་བཅུ་གཅིག་པ་ཡང་ཡིན། མཚན་གཞན། འདུལ་འཛིན་ཐག་མ་པ། |