14633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོས་ཀྱི་གཞི་ (1)
Part of speech མིང་ཚིག
Definition འདུལ་བ་གཞིའི་སྡེ་ཚན། འདུལ་བ་ག་པར་བཞུགས།
གོས་ཀྱི་གཞི་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། བདེ་བར་གནས་པའི་རྐྱེན་ལྔའི་ནང་ཚན་ཞིག འཚོ་ལྷག་མཁོ་གསུམ་གྱི་གོས་ཀྱི་རྣམ་གཞག་བསྟན་པའི་གཞུང་ལ་གོ་བ་ཡིན། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལྟར་སྲ་བརྐྱང་གི་གཞི་བཤད་ནས། ད་ནི་གོས་ཀྱི་གཞི་བཤད་པར་བྱ་ལ་དེའི་དབང་དུ་མཛད་ནས། མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ་ཞེས་སོགས་ཀྱི་མདོ་གསུངས། འོ་ན། གོས་ཇི་ལྟ་བུ་ཞིག་བྱིན་གྱིས་བརླབས་ནས་ལོངས་སྤྱད་པར་བྱ་ཞེ་ན། བཤད་དུ་ཡོད་དེ། མདོར། དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབས་པར་བྱའོ་ཞེས་གསུངས་པ་ལྟར། སྤྱིར་བཏང་ལ་དྲས་དྲུབས་མ་དང་། དམིགས་བསལ་ལ་ལྷན་ཐབས་མ་ཡང་རུང་བ་ཡིན་པའི་ཕྱིར། དྲས་དྲུབས་བྱེད་ཚུལ་ཡོད་དེ། མདོར། གླེགས་བུ་དང་གླེགས་བུ་ཕྱེད་དག་མཉམ་པར་བྱའོ། །གཞལ་བའི་ཕྱིར་དེའི་ཚད་ཀྱི་ཆགས་ཤིང་བཅང་བར་བྱའོ་ཞེས་དང་། ཆོས་གོས་ཇི་ཙམ་པར་རོ། །གྲི་གུས་དྲའོ་ཞེས་སོགས་འབྱུང་བ་ལྟར་ཡིན་པའི་ཕྱིར། འོ་ན། གོས་དེ་ལ་ཇི་ཙམ་ཡོད་པ་ཡིན་ཞེ་ན། བཤད་དུ་ཡོད་དེ། མདོར་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་དང་། གདོང་ཕྱིས་དང་། རྣག་གཟན་དང་། གཡན་པ་དགབ་པ་དང་། སྐྲ་བཟེད་དང་། གདིང་བ་དང་། དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ། །ཞེས་འབྱུང་བ་ལས། འཚོ་བའི་ཡོ་བྱད་བཅུ་གསུམ་དུ་ཡོད་པ་དང་། གཞན་ཡང་ལྷག་པའི་ཡོ་བྱད་ཀྱི་གོས་དང་། མཁོ་བའི་ཡོ་བྱད་ཀྱི་གོས་ཀྱང་ཡོད་པས་སོ། །འཚོ་བའི་ཡོ་བྱད་ལའང་གཉིས་ཡོད་དེ། དངོས་དང་ཕྲན་ཚེགས་གཉིས་ཡོད་པའི་ཕྱིར། ཕྲན་ཚེགས་ཡོད་དེ། ཞྭ་དང་སྐ་རགས་རྣམས་དེ་ཡིན་པའི་ཕྱིར། ལྷག་པའི་ཡོ་བྱད་ཀྱི་གོས་ལའང་གཉིས་ཡོད་དེ། དངོས་དང་ཕྲན་ཚེགས་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ངོས་འཛིན་ཡོད་དེ། སྣམ་སྦྱར་ཐེབ་ལྟ་བུ་དང་པོ་དང་། ཞྭ་སྐ་རགས་ཐེབ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། མཁོ་བའི་ཡོ་བྱད་ཀྱི་གོས་ལའང་གཉིས་ཡོད་དེ། རས་ཡུག་སོགས་དེ་དངོས་དང་། རས་ཡུག་གི་དུམ་བུ་སོགས་དེ་གཉིས་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།