14673
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། ཉེས་བྱས་ཀྱི་སྡེ་ཚན་དགུ་ཡོད་པ་ལས་དང་པོ་གོས་བགོ་བ་ལས་གྱུར་པའི་སྡེ་ཚན་ནི། དགེ་སློང་གིས་འཚོ་བའི་ཡོ་བྱད་གོས་སོགས་ལེགས་པར་མ་བགོས་པ་ལས་གྱུར་པའི་ཉེས་པ་ཞིག་ལ་ཟེར། དེ་ལ་དབྱེ་ན། སྡོམ་དུ་ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་ལ་ཡང་རྣམ་པ་གསུམ། ཞེས་འབྱུང་བ་ལྟར་བཅུ་ཡོད་དེ། པཎ་ཆེན་འདུལ་བ་ལས། ཤམ་ཐབས་ཧ་ཅང་རྩེངས་པ། ཧ་ཅང་འཇོལ་བ། ཕྱོགས་གཅིག་གླང་པོ་ཆེའི་སྣ་ལྟར་རྐྱང་བ། ལྟེ་གོང་དུ་མགོ་ལྟེབ་པ། ལྟེ་འོག་ཏུ་སྦྲུལ་མགོ་ལྟར་གདེངས་པ། མ་མཐའི་ཁ་མཉམ་པོར་འདུག་པ་མ་བགོས་པ། སྐ་རགས་ཀྱི་བར་བར་ནས་འབྲུའི་ཐུམ་བུ་ལྟར་འདུག་པར་བགོ་བ་རྣམས་ལ་ཉེས་བྱས་ཏེ་བདུན་དང། ཆོས་གོས་གསུམ་ཧ་ཅང་རྩེངས་པ་དང་། ཧ་ཅང་འཇོལ་བ་དང་། ཟླུམ་པོར་མ་བགོས་པའི་ཉེས་བྱས་གསུམ་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |