14674
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཉེས་བྱས་ཀྱི་སྡེ་ཚན་དང་པོ། གོས་བགོ་བའི་སྡེ་ལ་ཤམ་ཐབས་ཀྱི་ཡ་མཐའ་དང་མ་མཐའ་མི་མཉམ་པས་ཟླུམ་པོ་མིན་པ་དང༌། པུས་མོ་ཡན་ཆད་དུ་བརྩེངས་པ་དང༌། ལོང་བུ་མན་ཆད་དུ་འཇོལ་བ་དང༌། མས་ཟུར་གྱི་གྲྭ་གླང་པོ་ཆེའི་སྣ་ལྟར་འཕྱངས་པ་དང༌། སྐ་རགས་ཀྱི་གོང་ཏ་ལའི་ལོ་མ་ལྟར་ལྟེབ་པ་དང༌། སྐ་རགས་བར་ནས་འཕུར་མ་བཞིན་དུ་འབུར་བ་དང༌། སྐ་རགས་སྟེང་དུ་སྦྲུལ་གྱི་གདེངས་ཀ་ལྟར་མཐོ་དམན་ཅན་བཅས་ཤམ་ཐབས་ཀྱི་བདུན་དང༌། ཆོས་གོས་ཟླུམ་པོ་མིན་པ་དང༌། ཧ་ཅང་རིང་བ་དང༌། ཧ་ཅང་ཐུང་བ་སྟེ། སྟོད་ཀྱི་གོས་གྱོན་ཚུལ་གསུམ་བཅས་གོས་གྱོན་ཚུལ་འདི་རྣམས་བྱས་ན་རབ་བྱུང་རྣམས་ལ་ཉེས་བྱས་སུ་འགྱུར་རོ། ། |
| Domain | ཆོས་ལུགས། |