14683

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོས་བསྒོ་བའི་ཉེས་བྱས་ཀྱི་སྡེ་ཚན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྡོམ་ལ། ཤམ་ཐབས་ལ་ཡང་རྣམ་པ་བདུན། །སྟོད་གཡོགས་ལ་ཡང་རྣམ་པ་གསུམ། །ཞེས་ཏེ། ནམ་ལངས་པའི་ཚེ་ཤམ་ཐབས་ཀྱི་གཟན་ཕུད་དེ་བཞག ཤམ་ཐབས་གོན་པ་བྱའོ། །དེ་ལ་རྣམ་པ་བདུན་ཏེ། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཧ་ཅང་རྩིངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། གྲྭ་གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པ་དང་། གོང་དུ་མ་ལྟེབ་པ་དང་། ཕུར་མ་ལྟར་འདུག་པ་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་མ་ཡིན་པའི་ཚུལ་གྱིས་བགོ་བ་ལ་བསླབ་པར་བྱའོ། །དེ་བཞིན་དུ་སྟོད་གཡོགས་ཀྱང་ཟླུམ་པོར་བགོ་བ་དང་། ཧ་ཅང་རྩིངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བ་ལ་བསླབ་པར་བྱའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས། ཤམ་ཐབས་ཀྱི་བདུན་ནི། ཤམ་ཐབས་ཀྱི་ཡ་མཐའ་དང་མ་མཐའ་མཐོ་དམན་མེད་པར་ཟླུམ་པོར་བགོ་བ་དང། མ་མཐའ་པུས་མོ་ཡན་ཆད་དུ་བརྩེངས་པ་མ་ཡིན་པ་དང། ལོང་བུ་མན་ཆད་དུ་འཇོལ་བ་མ་ཡིན་པ་དང། ཤམ་ཐབས་ཀྱི་ཕྱོགས་གཅིག་མདུན་ཕྱོགས་སུ་གླང་པོ་ཆེའི་སྣ་ལྟར་འཕྱར་བ་མ་ཡིན་པ་དང། སྐེ་རགས་ཀྱི་གོང་དུ་ཏ་ལའི་ལོ་མ་ལྟར་ལྟབ་པ་མ་ཡིན་པ་དང། སྐེ་རགས་ཀྱི་བར་གྱི་བར་ནས་འབྲུའི་ཕུར་མ་ལྟར་ཕྱིར་འབུར་བ་མ་ཡིན་པ་དང། སྐེ་རགས་ཀྱི་གོང་དུ་སྦྲུལ་མགོའི་གདེང་ཀ་ལྟར་མཐོ་དམན་དུ་འདུག་པ་མ་ཡིན་པའོ། །བླ་གོས་གྱི་གསུམ་ནི། ཟླུམ་པོར་བགོ་བ་དང། ཧ་ཅང་བརྩེངས་པ་མ་ཡིན་པ་དང། ཧ་ཅང་འཇོལ་བ་མ་ཡིན་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།