14690

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོས་ཞག་བཅུ་འཆང་སྤང་གི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གིས་རང་དབང་པའི་གོས་བྱིན་རླབས་མ་བྱས་པར་ཞག་བཅུ་འདས་པར་འཆང་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། །པཎ་ཆེན་འདུལ་བ་ལས། དགེ་སློང་གིས་གནས་སྐབས་དབང་བྱར་ཡོད་པའི་གོས་བྱིན་བརླབས་མ་བྱས་པར་རང་སྟོབས་ཀྱིས་སམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པ་ན་སྤང་ལྷུང་དུ་འགྱུར་བའི་ཕྱིར། གླེང་གཞི་ལ་གཉིས་ལས་སྔར་བཅས་ནི་མཉན་ཡོད་དུ་དགེ་སློང་རྣམས་ཆོས་གོས་མང་པོ་འཆང་བར་བྱེད་པ་ལ་བརྟེན་ནས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །རྗེས་བཅས་ནི་རྒྱལ་པོའི་ཁབ་ཏུ་འོད་སྲུང་ཆེན་པོའི་བྱུང་བ་ལ་བརྟེན་ནས་དགེ་སློང་གིས་གོས་བྱིན་གྱིས་མ་བརླབས་པར་ཞག་བཅུ་ལས་འདས་པར་འཆང་ན་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེ་བའོ། །ཞེས་གསུངས།
Domain ཆོས་ལུགས།