14692
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་དགེ་སློང་མ་རྣམས་གོས་ཀྱི་རྙེད་པ་འགེད་པ་ལ་སྦོམ་དགའ་མོ་འདུར་མི་བཏུབ་པ་ལས་སོ། །དགག་བྱ་ནི་རང་རིགས་དགེ་འདུན་མ་རྣམས་ལ་གནོད་པའོ། །དགེ་སློང་མ་རྣམས་གོས་འགེད་པའི་ཕྱིར་ཡང་བདག་ཉིད་མཚམས་ནང་ན་གནས་པས་ཚོགས་པ་མི་སྦྱིན་པའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱིཀ་ལས་གོས་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་ཆོས་དང་ལྡན་པའི་གནས་པ་གཞན་བགོ་བའི་ཕྱིར་ཚོགས་པ་མ་སྦྱིན་པ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་དང་། ཆོས་དང་ལྡན་པའི་རྙེད་པ་བགོ་བའི་ཕྱིར། བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པ་ནི། གཞན་ལ་གནོད་པར་སྤྱོད་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |