From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀ་བ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
རྙིང་མ། བདེ་གཤེགས་རྒྱ་བོ་པའམ་ཟུར་ཆུང་ཤེས་རབ་གྲགས་པའི་སློབ་མ་གྲགས་ཆེ་བའི་ཡ་གྱལ་ཏེ། རྫོགས་ཆེན་གྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེ། ཕྲིན་སྒྲུབ་ཀྱི་ཀ་བ་ནག་པོ་རི་གསེབ་ཀྱི་འདའ་ཏིག་ཇོ་ཤཱཀ མདོའི་ཀ་བ་སྐྱིད་ལུང་གི་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་གྱི་ཀ་བ། ཆུ་བར་གྱི་གླན་ཤཱཀྱ་བཟང་པོ་བཅས་བཞིའོ། །
|
| Domain
|
ལོ་རྒྱུས།
|
ཀ་བ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་ལུགས། སྔགས། མཧཱཡོག རྙིང་མ། ཀ་བ་བཞི་ནི། བཀའ་བརྒྱད་ལས་འཇམ་དཔལ་སྐུའི་སྐབས་ཀྱི་ཕྲིན་ལས་འཁོར་ལོའི་མན་ངག་འཁྲུལ་འཁོར་ཆེན་པོ་གསང་བ་དགུ་སྐོར། འཁྲུལ་འཁོར་ཆུང་ངུ་ཕྱི་ནང་དྲུག་སྐོར་གཉིས་ཀྱི་ཕྱི་མ། ཐོག་འདྲའི་འཁྲུལ་འཁོར་གྱི་བྱེ་བྲག་སྟེ། བཀའ་བརྒྱད་རྣམ་བཤད་ལས། གཉིས་པ་ཐོག་འདྲའི་འཁྲུལ་འཁོར་ནི། ཀ་བ་བཞི་དང་གདུང་མ་དྲུག་སྟེ། འཁྲུལ་འཁོར་ཆུང་ངུའོ། །ཀ་བ་བཞི་ནི་ཉི་མ་བཞི་པའི་ལས་ཀྱི་གང་མཚམས་ཆེན་པོ་བཞི་ལ་བྱའོ། །ཞེས་གསུངས།
|