14705

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོས་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ། གོས་བདག་པོ་ཡོད་པ་ནི། གང་ལ་བདག་པོ་སྐྱེས་པའམ། བུད་མེད་དམ། མ་ནིང་ཡོད་པ་དེ་ནི་གོས་བདག་པོ་ཡོད་པ་ཞེས་བྱའོ། །གོས་བདག་པོ་མེད་པ་ནི། གང་ལ་བདག་པོ་སྐྱེས་བའམ། བུད་མེད་དམ། མ་ནིང་མེད་པ་དེ་ནི་གོས་བདག་པོ་མེད་པ་ཞེས་བྱའོ། །གོས་བོར་བླངས་པ་ནི། ཉེ་དུ་དག་གིས་ཉེ་དུ་ཉམས་པ་དང་། ཤི་བ་དང་། དུས་ལ་བབ་པར་རིག་ནས་དེའི་རྒྱབ་ནས་གོས་ཀྱིས་བཀབ་སྟེ་དུར་ཁྲོད་དུ་ཁྱེར་ནས་དེ་དག་གིས་གོས་དེ་ཡང་ཕྱིར་ཏེ་འོངས་ནས་དགེ་འདུན་ལ་ཕུལ་བ་དེ་ནི། གོས་བོར་བླངས་ཞེས་བྱའོ། །གོས་དུར་ཁྲོད་པ་ནི། ཡོངས་སུ་འཛིན་པ་མེད་པའི་དུར་ཁྲོད་ནས་བླངས་པ་གང་ཡིན་པ་དེ་ནི། གོས་དུར་ཁྲོད་པ་ཞེས་བྱའོ། །གོས་ཕྱག་དར་ཁྲོད་པ་ནི། ཕྱག་དར་ཁྲོད་པ་རྣམ་པ་ལྔ་སྟེ། ལམ་མོ་ཆེའི་གོས་དང་། དགོན་པར་བོར་བ་དང་། ཆུ་འགྲམ་པ་དང་། སྲིལ་ཟན་དང་། རལ་རུལ་ཉིད་ནི་ལྔ་པ་ཡིན་ཏེ། ཧན་ཅང་ཟེགས་པ་གང་ཡིན་པའོ།
Domain ཆོས་ལུགས།