14760
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀོང་པོར་འཁྲུངས། ཆུང་ངུའི་དུས་ནས་ཡིག་རྩིས་དང་། དྲག་རྩལ་བཅས་ལ་སྦྱངས། སྐུ་ན་སོན་རྗེས་ཀོང་པོའི་གཙོ་བདག་ཏུ་བསྐོས། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ཕྱི་ལོ ༡༧༢༠ ལོར་ཇུན་གར་ཚེ་རིང་དོན་གྲུབ་ལ་ངོ་རྒོལ་བྱས། མདོ་ཁམས་སུ་ཕེབས། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོར་བཀའ་བློན་ལས་རོགས་སུ་བསྐོས། བོད་ཀྱི་ཆབ་སྲིད་བསྐྱངས། རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་ ༡༧༢༧ ལོའི་བོད་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ལུམ་པ་བཀྲ་ཤིས་རྒྱལ་པོ་དང་། སྦྱར་ར་བློ་གྲོས་རྒྱལ་པོ་དང་མཉམ་དུ་བཀའ་བློན་ཁང་ཆེན་བསོད་ནམས་རྒྱལ་པོ་བཀྲོངས། དབུས་དམག་ཁྲིད། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་འཛིན་བཟུང་མ་ཐུབ། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་གཙང་དམག་ཁྲིད་ནས་ངོ་རྒོལ་བྱས། རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ ༡༧༢༨ ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ལ་མགོ་འབུལ་ཞུས། བཙོན་འཇུག་དོ་དམ་འོག་བཀྲོངས། |