From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ང་རྒྱལ་རྣམ་པ་དགུ་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་བསྟན་བཅོས་ཤེས་པ་བསྐྱེད་པ་ལས་བསྟན་པ་སྟེ། བདག་མཆོག་ཏུ་གྱུར་པའོ་སྙམ་པ། བདག་དང་མཚུངས་པའོ་སྙམ་པ། བདག་པས་ཆུང་བའོ་སྙམ་པ། བདག་པས་མཆོག་ཏུ་གྱུར་པ་ཡོད་པའོ་སྙམ་པ། བདག་དང་མཚུངས་པ་ཡོད་པའོ་སྙམ་པ། བདག་པས་དམའ་བ་ཡོད་པའོ་སྙམ་པ། བདག་པས་མཆོག་ཏུ་གྱུར་པ་མེད་པའོ་སྙམ་པ། བདག་དང་མཚུངས་པ་མེད་པའོ་སྙམ་པ། བདག་པས་དམའ་བ་མེད་དོ་སྙམ་པའོ། །
|
| Domain
|
ཆོས་ལུགས།
|
ང་རྒྱལ་རྣམ་པ་དགུ་ (2)
| Part of speech
|
མིང་ཚིག
|
| Definition
|
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ང་ནི་མཆོག་ལས་ཀྱང་མཆོག་གོ་སྙམ་པའི་ང་རྒྱལ། ང་ནི་མཆོག་དང་འདྲ་བའོ་སྙམ་པའི་ང་རྒྱལ། ང་ནི་མཆོག་ལས་དམན་པའོ་སྙམ་པའི་ང་རྒྱལ། ང་ནི་མཉམ་པ་ལས་མཆོག་གོ་སྙམ་པའི་ང་རྒྱལ། ང་ནི་མཉམ་པ་དང་མཉམ་པའོ་སྙམ་པའི་ང་རྒྱལ། ང་ནི་མཉམ་པ་ལས་དམན་པའོ་སྙམ་པའི་ང་རྒྱལ། ང་ནི་དམན་པ་ལས་མཆོག་གི་སྙམ་པའི་ང་རྒྱལ། ང་ནི་དམན་པ་ལས་མཉམ་མོ་སྙམ་པའི་ང་རྒྱལ། ང་ནི་དམན་པ་ལས་དམན་པའོ་སྙམ་པའི་ང་རྒྱལ་ལོ། །
|