14798

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ང་རོ་ (1)
Part of speech མིང་ཚིག
Definition གཅན་གཟན་སོགས་སེམས་ཅན་གཏུམ་པོ་དག་གི་ངར་སྐད་དེ།
Example སེངྒེའི་ང་རོས་ཝ་སྤྱང་ཀླད་པ་འགེམས། །མཁས་པའི་གཏམ་གྱིས་རྨོངས་པའི་ལོག་རྟོག་འཇོམས། །ལྟ་བུ།
ང་རོ་ (2)
Part of speech མིང་ཚིག
Definition དབྱངས་གསལ་གྱི་ཡི་གེ་རྐྱང་པ་རྣམས་རང་རང་གི་སྐྱེ་གནས་དང་མཐུན་པ་དང༌། དབྱངས་ལྡན་རྣམས་ཀྱང་སོ་སོའི་ང་རོ་བྱུང་ཚུལ་བཅས་ཡི་གེ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་གོ།
Domain སྒྲ་རིག་པ།
ང་རོ་ (3)
Part of speech མིང་ཚིག
Definition ལེགས་སྦྱར་གྱི་དབྱངས་གསལ་ཡི་གེའི་སྟེང་དུ་བྲིས་པའི་ཀླད་ཀོར།