14808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་ (1)
Part of speech མིང་ཚིག
Definition སྐྱེས་བུའི་ལྕེ་རྐན་མཆུ་སོ་སོགས་ཀྱི་རྩོལ་བ་ལས་བྱུང་བའི་རྗོད་བྱེད་སྒྲའི་མིང་སྟེ།
Example ལུས་ངག་ཡིད་གསུམ་མི་དགེའི་ལས་ལ་འཛེམས་ལྟ་བུ།
ངག་ (2)
Part of speech མིང་ཚིག
Definition མིའི་སྐད་ཆ་འཆད་བྱེད་ཀྱི་དབང་པོའི་མིང་སྟེ།
Example ངག་ལྐུགས་ཀྱང་རིག་པ་དྭངས་གསལ་ཡིན་ལྟ་བུ།
ངག་ (3)
Part of speech མིང་ཚིག
Definition མིང་ཚིག་ལ་ལའི་མཐར་སྦྱར་ཚེ་ངག་ནས་བྱུང་བའམ་ངག་དང་འབྲེལ་བ་ཡོད་པའི་དོན་སྟོན་པ་སྟེ།
Example སྐད་ངག་སྙན་མོ་དང་། སྙན་ངག གླུ་ངག་གི་དབྱངས་རྟ་ལྟ་བུ།
ངག་ (4)
Part of speech མིང་ཚིག
Definition རྗོད་བྱེད་ལ་ངོ་བོའི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ངག་གི་མཚན་ཉིད། ཡུལ་གྱི་ཁྱད་ཆོས་ཀྱང་འཇུག་ལྡོག་གི་གཞི་དང་སྦྱར་ནས་རྗོད་བྱེད།
Example བུམ་པ་ཆུང་ངུས་ཆུ་འོན་ཅིག་ཅེས་པའི་སྒྲ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།
ངག་ (4)
Part of speech མིང་ཚིག
Definition ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས། ངག་ཚིག་གཉིས་ཀྱི་ཟླས་ཕྱེ་བའི་ངག་གི་མཚན་ཉིད། ཚིག་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་དེ་ཡང་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དུ་སྟོན་བྱེད་དུ་སྣང་བའི་སྒྲ་སྤྱིའོ། །ཞེས་གསུངས་སོ། ། མཁན་ཆེན་ངག་ཆོས་ཀྱི་ངག་གི་དཔལ་སྟེར་ལས། ངག་གི་མཚན་ཉིད་ནི། མིང་ཚིག་དུ་མ་ཕན་ཚུན་འདུས་པ་ལས། བརྗོད་བྱའི་དོན་གྱི་ཁྱད་པར་འབྲེལ་ཆགས་སུ་སྟོན་པའི་སྒྲ་སྤྱི། མཚན་གཞི་ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །ཞེས་སོགས་ཀྱི་ཚིགས་བཅད་ལྟ་བུའོ། །ཡང་ན། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཞེས་པའི་ཚིག་རྐང་གཉིས་ལྟ་བུ་ཡང་ངག་ཡིན་ཏེ། བརྗོད་བྱའི་དོན་འབྲེལ་ཆགས་པར་གོ་བྱེད་ཀྱི་ཚིག་གི་ཚོགས་ཡིན་པའི་ཕྱིར། ངག་ཚིག་འགལ་བ་ནི་མ་ཡིན་ཏེ། ངག་ཚིག་གཉིས་ཀྱི་ནང་ཚན་གྱི་ངག་ཡིན་ན། ཚིག་ཡིན་པས་ཁྱབ་པའི་ཕྱིར། ཚིག་ལ་ངག་གིས་མ་ཁྱབ་སྟེ། ཀ་བ་རིང་པོ་ཞེས་པ་དེ་ཚིག་ཙམ་ལས་ངག་མ་ཡིན་པའི་ཕྱིར་ཏེ། དེས་ཀ་བའི་ཁྱད་པར་རིང་པོ་ཙམ་ལས། བརྗོད་བྱའི་དོན་འབྲེལ་ཆགས་སུ་མི་སྟོན་པའི་ཕྱིར། །ཞེས་སོ། །