14844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་གི་ལས་ཡོངས་སུ་དག་པ་བརྒྱད་ (1)
Part of speech མིང་ཚིག
Definition མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། ༡ བདེན་པའི་རྗེས་སུ་འབྲང་བའི་ངག་གི་ལས་ཡོངས་སུ་དག་པས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། ༢ འཁོར་ཟིལ་གྱིས་གནོན་པས་གཟུང་བར་འོས་པའི་ཚིག་དང་འགལ་བར་མི་བྱེད་པར་བླང་བར་འོས་པའི་ཚིག། ༣ མི་བརླང་བས་སྙན་ཅིང་འཇེབས་པའི་ཚིག། ༤ ལུས་དང་སེམས་ཚིམ་པར་བྱེད་པས་ཀ་ལ་པིངྐའི་སྒྲ་སྐད་ལྟ་བུ། ༥ སེམས་ཅན་སྡུད་པས་ཚིག་སྙན་པ། ༦ སྒྲ་ཐམས་ཅད་ཟིལ་གྱིས་གནོན་པས་ཚངས་པའི་སྒྲ་ལྟ་བུ། ༧ ཕས་ཀྱི་རྒོལ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་སེངྒེ་བསྒྱིངས་པའི་སྒྲ་ལྟ་བུ། ༨ སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཚིམ་པར་བྱེད་པས་སངས་རྒྱས་ཀྱི་གསུང་སྟེ། ངག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་བའོ། །
Domain ཆོས་ལུགས།