14867
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་སྨད་རེབ་སྐོང་འཇའ་མོར་འཁྲུངས། འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཉིས་པའི་ཤིང་གླང་ཕྱི་ལོ་ ༡༧༤༥ ལོར་སྐུ་གཤེགས། གཞོན་དུས་ནས་སྐྱབས་མགོན་ངག་དབང་འཕྲིན་ལས་རྒྱ་མཚོ་དྲུང་ནས་ཚིགས་སྔ་ཕྱིའི་སྡོམ་པ་མནོས། འདུལ་བའི་གཞུང་བཞིན་ཚུལ་ཁྲིམས་མཐར་ཕྱིན་མཛད། རོང་བོ་ཐོས་བསམ་གླིང་ནས་གཞུང་ལུགས་ལ་སྦྱངས། སྐྱབས་མགོན་རིན་པོ་ཆེས་རྒྱུད་པ་གྲྭ་ཚང་གི་ཁྲི་བར་བསྐོས། རྒྱུད་པའི་ཁྲི་ལོ་ལྔའི་རིང་བསྐྱངས། འགྲིག་ལམ་དང་། ཚོགས་འདོན་གྱི་རིམ་པ་སོགས་ཕྱག་ལེན་སྨད་རྒྱུད་ལྟར། ཐོག་མར་གསང་བ་འདུས་པའི་འཆད་ཉན་འདོན་ཆ་དང་བཅས་པ་བཙུགས། དཔྱིད་ཆོས་དང་། དབྱར་གནས། དགུན་ཆོས་གསུམ་ལ་འཇུག་སྒོ་གསུམ་དུ་བྱེད་པ་ཡིན། འབྲེལ་བ་བཞི་སྦྲགས་དང་། ཐུན་མོང་བ་གཞི་གསུམ་ཕྱག་ལེན། ཐུན་མིན་གར་ཐིག་དབྱངས་གསུམ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིམ་ལྔ་གསལ་སྒྲོན་བཅས་ཀྱི་ཐོག་ནས་འཆད་ཉན་མཛད། རབ་བྱུང་བཅུ་གཉིས་པའི་ཤིང་གླང་ཕྱི་ལོ ༡༧༤༥ ལོར་སྐུ་གཤེགས། རོང་བོ་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་གཉིས་པ་ཡིན། |