From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངག་དབང་ཆོས་གྲགས་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་༦ པ་དང་དགའ་ཁྲི་ ༡༩ པ་ངག་དབང་ཆོས་གྲགས་ནི། ཕྱི་ལོ་༡༥༠༡ ལྕགས་བྱ་ལོར། སྟོད་ལུང་མདའི་དངོས་གཞིར་ཤར་ཆེན་དཀོན་མཆོག་དར་རྒྱས་དང་སྐུ་མཆེད་དུ་འཁྲུངས། དགུང་ལོ་ ༩ རབ་བྱུང་དང་། ༡༩ པ་ལ་བསྙེན་རྫོགས་མཛད་ཅིང་། མགོན་པོ་ཞལ་བཞི་པའི་དངོས་གྲུབ་ཐོབ། མདོ་སྔགས་ལ་མཁས་པར་གྱུར་ཏེ། དགུང་གྲངས་༥༡ སྟེང་། ཕྱི་ལོ་༡༥༥༡ ལྕགས་མོ་ཕག་གི་ལོར་ཞི་བ་ཆོས་དབྱིངས་སུ་གཤེགས། ཤ་རི་རམ་གདུང་རུས་ལ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་དཔལ་ལྡན་ལྷ་མོའི་སྐུ་བརྙན་གསལ་བར་ཕེབས་པ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་མངའ་བ་ཡིན་ནོ། །
|
ངག་དབང་ཆོས་གྲགས་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་༤༠ པ་དང་དགའ་ཁྲི་ ༥༩ ངག་དབང་ཆོས་གྲགས་ནི། ཕྱི་ལོ་༡༧༠༨ ས་ཕོ་བྱི་བའི་ལོར་ལྷ་སའི་ཉེ་འཁོར་སྟོད་ལུང་ཆུ་བཟང་དུ་སྐུ་འཁྲུངས། སེར་སྨད་དང་རྒྱུད་སྟོད་དུ་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་ཏེ་དགུང་གྲངས་ ༦༡ ཕེབས་པ། ཕྱི་ལོ་ ༡༧༦༩ ས་མོ་གླང་གི་ལོར་དགའ་ཁྲིར་ཕེབས་ཤིང་བསྟན་འགྲོའི་མཛད་པ་བསྐྱངས་ཏེ། ཕྱི་ལོ་༡༧༧༢ ཆུ་འབྲུག་ལ་གཟུགས་སྐུ་ཞི་དབྱིངས་སུ་གཤེགས།
|
ངག་དབང་ཆོས་གྲགས་ (3)
| Part of speech
|
མིང་ཚིག
|
| Definition
|
རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་ཕྱི་ལོ་ ༡༩༠༠ ལོར་སྟོད་ལུང་ཆུ་བཟང་དུ་འཁྲུངས། ཆུང་ངུའི་དུས་ནས་ཆུ་བཟང་དགོན་དུ་ཞུགས། ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་ལ་སྦྱངས། ལྷ་སར་ཕེབས། ལྕགས་པོ་རིག་བྱེད་འགྲོ་ཕན་གླིང་དུ་ཞུགས། སྨན་རྩིས་བཅས་ལ་ཐོས་བསམ་མཛད། སོ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ཕྱི་ལོ་ ༡༩༣༢ ལོར་ལྷ་སྡིངས་མདའ་དཔོན་གྱི་བླ་སྨན་མཛད། ཆབ་མདོར་ལོ་དྲུག་ཙམ་བཞུགས། ཞེ་གཉིས་པར་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་ཀྱི་བླ་སྨན་མཛད། ང་བདུན་པ་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༩༥༦ ལོར་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བླ་སྨན་དང་། རྩེ་དྲུང་ལས་ཚན་གནས་ལྔ་པའི་གོ་གནས་ཁུར། གྱ་གཉིས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་ཕྱི་ལོ་ ༡༩༨༡ ལོར་སྟོད་ལུང་ཆུ་བཟང་གཡུ་ཐོག་ཁང་གསར་དུ་སྐུ་གཤེགས། གསུང་རྩོམ་ནི་ཕོ་ནད་བཅོས་ཐབས་བཅས་བཞུགས།
|
| Synonyms
|
ཆུ་བཟང་ངག་དབང་ཆོས་གྲགས།
|