14875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་ཆོས་འཕེལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༦༠ ལོར་དབུས་མར་རྐྱང་དུ་ཡབ་ཨ་ར་ཨུ་རྒྱན་སྲིན་ཐར་དང་། ཡུམ་ཐང་བཟང་ཚེ་རིང་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་གཉིས་པར་རབ་ཏུ་བྱུང་། འབྲས་སྤུངས་སྒོ་མང་དུ་ཞུགས། དཀའ་བཅུ་བློ་བཟང་དཔལ་འབྱོར་བཤེས་གཉེན་དུ་བསྟེན། བཅོ་ལྔ་པར་གཙང་པ་ཡེ་ཤེས་དཔལ་འབྱོར་ལས་དགེ་ཚུལ་བསྒྲུབས། ཉེར་ལྔ་པར་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། ཀློང་རྡོལ་བླ་མ་སོགས་ལས་ཁྲིད་མང་ཞུས། སོ་གསུམ་པར་ལྷ་རམས་པའི་མཚན་སྙན་ཐོབ། རེ་གཉིས་པར་དགའ་ལྡན་གསེར་ཁྲིར་ཕེབས། གསེར་ཁྲིར་ལོ་ངོ་བདུན་ལྷག་བཞུགས། གཙང་བཀྲ་ཤིས་ལྷུན་པོ་དང་། སེ་འབྲས་དགེ་གསུམ་སོགས་ཀྱི་དགོན་གནས་རྣམས་སུ་ཆོས་འཆད་པ་དང་། སྡོམ་པ་འབོགས་པ། དབང་དང་ལུང་གནང་བ་སོགས་མཛད། རབ་བྱུང་བཅུ་བཞི་པའི་ས་ཕག་ཕྱི་ལོ་ ༡༨༣༩ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཀུན་བདེ་གླིང་རྟ་ཚ་སྤྲུལ་སྐུ་དང་། དཀའ་ཆེན་དགེ་ལེགས་རྒྱལ་མཚན་སོགས་ཡིན། གསུང་རྩོམ་ནི་རང་རྣམ་སོགས་བསྟན་བཅོས་སོ་གཉིས་དཀར་ཆག་བཅས་པོ་ཏི་གཅིག་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བདུན་ཅུ་པ་ཡིན།

{{#arraymap:ངག་དབང་ཆོས་འཕེལ་

|; |@@@ | | }}

ངག་དབང་ཆོས་འཕེལ་ (2)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༢༡ ངག་དབང་ཆོས་འཕེལ་ཞལ་སྔ་ནས་དང་། ཞིབ་རྒྱས་མ་རྙེད།

{{#arraymap:ངག་དབང་ཆོས་འཕེལ་

|; |@@@ | | }}