14877
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོ་ ༡༨༤༦ ལོར་འཛི་སྲིབ་ཁྱི་ལོ་མ་ཞེེས་པར་སྐུ་འཁྲུངས། ཡབ་ཀྱི་མཚན་ལ་རུས་སྤུ་སི་ལོ་ཡིན་ཞིང་ཡག་སྨོན་གྱི་རིགས་ཡིན། ཡུམ་གྱི་མཚན་ལ་ཀ་ཐོག་ཟ་རྡོ་རྗེ་སྨན་ཟེར། དགུང་ལོ་བརྒྱད་ནས་བཟུང་སྟེ་ཁུ་བོ་བླ་མ་དར་རྒྱས་དང་། བླ་མ་ཀུན་དགའ་སེང་གེ བླ་མ་ཆོས་འཕགས། ཐུབ་བསྟན་དགེ་ལེགས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་དུ་བསྟེན་ཏེ་ཡི་གེ་འབྲི་ཀློག་ནས་འགོ་བརྩམས་ཏེ་ཆོས་ཉན་དཔྱིས་ཕྱིན་པར་མཛད། གཞན་ཡང་ལྷ་བ་བླ་མ་དང་། ལྷ་རྩེ་སྐྱབས་མགོན། རྒྱ་བླ་མ། སྦྱངས་པ་བླ་མ་སོགས་ཀྱི་མདུན་ནས་ཆོས་དུ་མ་གསན། དགུང་གྲངས་ཞེ་དྲུག་པར་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་ནས་གདུལ་བྱ་རྗེས་བཟུང་གི་ཚུལ་ལ་གཙང་ཆེན་ཕོ་བྲང་དང་། སྒྲུབ་གྲྭ་ཚུན་གྱི་མཚམས་གྲྭ་པ་གང་ཡོད་ལ་རང་རང་དང་འཚམས་པའི་ཟབ་ཆོས་ཀྱི་སྒོ་ཅི་དགོས་མཛད། ཕྱི་ལོ་ ༡༩༡༠ ལོར་སྐུ་མྱ་ངན་ལས་འདས། སློབ་དཔོན་ཁོང་གི་སློབ་ཚོགས་ཀྱང་སྐྱེས་བུ་དམ་པར་གྱུར་པ་ཨ་མགོན་བླ་མ་ངག་དབང་བསྟན་པ་གསལ་བྱེད་དང་། གདུང་ཡངས་བླ་མ་སྨོན་ལམ། ཀ་ཐོག་བླ་མ་ངག་མཆོག གཙང་བ་སེ་སྤྲུལ་སོགས་བསྟན་པའི་རྩ་ལག་བླ་སྤྲུལ་མང་པོ་བྱོན་ནོ། ། |