14879

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་ཐུབ་བསྟན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་མེ་སྤྲེལ་ཕྱི་ལོ་ ༡༨༣༦ ལོར་མདོ་སྨད་རྨ་ཆུ་ལྷོ་རྒྱུད་དུ་ཁ་གྱའི་འབོ་ར་ཞེས་པའི་གྲོང་སྡེར་ཡབ་མགོན་པོ་དོན་གྲུབ་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་འཇམ་དབྱངས་བསྟན་འཛིན་ཞེས་འབོད། དྲུག་པར་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། བསམ་གཏན་རྒྱ་མཚོའི་མདུན་ནས་ཡི་གེའི་འབྲི་ཀློག་དང་། ཆོ་ག་ཕྱག་ལེན་བཅས་སྦྱངས། དབདུན་པར་གདན་ས་བཀྲ་ཤིས་འཁྱིལ་དུ་ཕེབས། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། མཚན་ལ་ངག་དབང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། ཐོས་གླིང་གྲྭ་ཚང་དུ་ཞུགས། བསྡུས་གྲྭ་དང་། ལེགས་བཤད་སྙིང་པོ། འགྲེལ་ཆུང་དོན་གསལ་རྣམས་སྦྱངས། ཀུན་མཁྱེན་མཆོག་གི་མདུན་ནས་བསྙེན་པར་རྫོགས། ཞེ་བཞི་བར་དབུས་གཙང་དུ་ཕེབས། རྒྱལ་པཎ་ཡབ་སྲས་མཇལ། བཀའ་ཆོས་མང་དུ་ཞུས། ཞེ་ལྔ་བར་མདོ་སྨད་དུ་ཕེབས། བཀྲ་ཤིས་སྒོ་མང་གི་མཁན་པོ་མཛད། ང་བཞི་བ རབ་བྱུང་བཅོ་ལྔ་པའི་ས་གླང་ཕྱི་ལོ ༡༨༨༩ ལོར་སྐུ་གཤེགས། གསུང་རྩོམ་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་དང་འབྲེལ་བའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་གསང་གསུམ་རྒྱན་གྱི་སྣང་བ། མི་ཏྲའི་དབང་གི་ཕྱག་ལེན་གསལ་བར་བཀོད་པ་གསང་ཆེན་བདུད་རྩིའི་སྒོ་འབྱེད། འཇམ་ཆོག་བྱིན་རླབས་བདུད་རྩི་འཛགས་པའི་ཟླ་ཤེལ་སོགས་པ་ཏི་ལྔ་བཞུགས།