14881

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་དཔལ་ལྡན་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ཕྱི་ལོ་ ༡༦༧༦ ལོར། མདོ་སྨད་དཔའ་རིས་སྟོད་དུ་གསེར་ཁོག་དང་ཉེ་བའི་སའི་ཆར་སྐུ་འཁྲུངས། དབུས་སུ་ཕེབས་ནས་འབྲས་སྒོ་མང་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང། ཀུན་མཁྱེན་གོང་མའི་གསོལ་དཔོན་དང་མཆོད་དཔོན་ཟུང་འབྲེལ་ལྟ་བུར་ཞབས་ཞུ་ནང་མ་བྱས་ཤིང། ཀུན་མཁྱེན་གོང་མས་ཤེས་རབ་ཆེ་བའི་བསྔགས་པ་བརྗོད་ཅིང་མཚན་ལ་ཤེས་རབ་བློ་ལྡན་ཞེས་བཏགས། བཀྲ་ཤིས་འཁྱིལ་རྒྱུད་པའི་ཁྲིར་ལོ་བདུན་བཞུགས། དགུང་ལོ་རེ་གཅིག་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ཕྱི་ལོ་༡༧༣༦ལོར་སྐུ་གཤེགས།