14894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་ཉེར་བརྒྱད་པ་ཡིན་ཞིང་། མཚན་གྱི་རྣམ་གྲངས་ལ། བཀྲིས་ཆོས་ཀྱི་རྒྱལ་མཚན་དང་གྲགས་པ་རྣམ་རྒྱལ་དཔལ་བཟང་། ངག་དབང་ཆོས་ཀྱི་དཔལ་འབྱོར་སོགས་ནི་ཡོངས་གྲགས་སོ། །ས་སྦྲུལ་ཕྱི་ལོ་ ༡༧༨༨ ལོར་ཀླུང་ཤོད་ཀ་ལེབ་ཏུ་སྐུ་འཁྲུངས་ཤིང་། ཤིང་བྱི་ཕྱི་ལོ་ ༡༨༠༤ ལོར་སྟག་ལུང་པའི་ཆོས་སྲིད་ཀྱི་ཁྲི་ལ་བཞུགས་ཤིང་གཞུང་ས་ནས་ཧོ་ཐོག་ཐུའི་གོ་ཐོབ་བསྩལ། འཕགས་མཆོག་གྲགས་པ་ཆོས་དབྱིངས་ལྷུན་གྲུབ་ཀྱི་དྲུང་ནས་རང་ལུགས་ཀྱི་གདམས་པ་མ་ལུས་པ་ཚུལ་བཞིན་དུ་གསན་ནས་ཉམས་སུ་བླངས། གཙུག་ལག་ཁང་དར་རྒྱས་ཁང་གསར་རྟེན་དང་བརྟེན་པ་བཅས་པ་བསོད་ནམས་ཀྱི་ཞིང་དུ་བསྐྲུན། སྙན་བརྒྱུད་རྡོ་རྗེ་རྣལ་འབྱོར་མའི་འགྲེལ་བཤད་ཟབ་ལམ་ཆུ་བོ་ཀུན་འདུས་དང་། ངེས་དོན་ཕྱག་བརྒྱ་ཆེན་པོའི་ཁྲིད་ཡིག་སྐུ་བཞིའི་ཁང་བཟང་ལ་འཇུག་པའི་རིན་ཆེན་ཐེམ་སྐས། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་མདོ་སྔགས་རྒྱ་མཚོའི་ཉིང་ཁུ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་འཕྲུལ་འཁོར་གྱི་རིམ་པ་ངོ་མཚར་སྟངས་སྟབས་རྒྱ་མཚོ། དཔལ་སྟག་ལུང་པའི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་ངོ་མཚར་ཀུན་གསལ་མེ་ལོང་། ཆོས་འབྱུང་ཁ་སྐོང་གྲགས་སྙན་ལྷ་ཡི་རྔ་ཆེན་སོགས་གསུང་རྩོམ་བཀའ་འབུམ་པོད་བཅུ་ཡོད་པར་གསལ ། རྩེ་སྤྲུལ་གྲགས་པ་ཡོངས་ཁྱབ་དང་འཕགས་མཆོག་གྲགས་པ་ཀུན་གསལ། འཇམ་དབྱངས་མཁྱེན་རྩེ་དབང་པོ་དང་གྲུབ་དབང་གང་ཤར་དབང་བྱེད་སོགས་བུ་སློབ་ཀྱང་མང་དུ་བྱུང་བར་སྣང་། མཐར་ཉིད་ཀྱི་དགུང་གྲངས་རེ་དགུ་བ་ཕྱི་ལོ་ ༡༨༥༦ ལོར་སྐུ་གཤེགས།