14899

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་བསྟན་འཛིན་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition གཙང་པ་སྐུ་ཕྲེང་དང་པོ་ངག་དབང་བསྟན་འཛིན་རྣམ་རྒྱལ་མཆོག་ནི། བློ་གྲོས་རྣམ་རྒྱལ་གྱི་ཡང་སྤྲུལ་ཡིན་པ་དང་། ཆོས་རྗེ་གོ་རྒྱལ་གྱིས་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་གདན་ཞུ་གནང་ཞིང་། གནས་དེར་གཙང་པ་མཆོག་གིས་རང་ལུགས་ངེས་དོན་སྒྲུབ་བརྒྱུད་བསྟན་པ་མདོ་སྨད་ཡུལ་དུ་ཆེར་སྤེལ་དར་རྒྱས་མཛད་པས་ན་འཛམ་ཐང་གི་སྒར་ཁག་གསུམ་པ་གཙང་བ་ཞེས་གྲགས་པ་དེ་ཉིད་བྱུང་། གང་ཉིད་འཛམ་ཐང་དུ་གདན་འདྲེན་སྐབས་ལམ་བར་དུ་ཨ་སྐྱོང་དཔོན་ཁག་གིས་ཆེ་བཀུར་དང་བཅས་དཔལ་འཛམ་ཐང་དུ་ཕེབས་ཏེ་གྱང་ཁར་ཆོས་གཞི་རྒྱ་ཆེར་བཙུགས་ནས་ཆོས་རྗེའི་འདུས་སྡེ་ཆེས་མང་ལ་རང་ལུགས་ཀྱི་ཆོས་བཀའ་ཟབ་མོའི་སྒོ་འཕར་ཕྱེས་ནས་སྨིན་གྲོལ་ལ་བཀོད་པ་ནས་བཟུང་ཚ་རོང་དང་། རྔ་ཡུལ། བསེར་ཁོག་སོགས་ཡུལ་གྲུ་རྒྱ་ཆེ་བ་དུ་མ་རུ་ངེས་དོན་ཟབ་མོའི་ཆོས་མཆོག་གིས་ཆེས་སྐལ་བ་བཟང་པོ་ལེགས་པར་མཛད། ཁོང་ཉིད་ཀྱིས་བསྟན་འགྲོའི་ལེགས་སྒོ་རྒྱ་ཆེར་སྤེལ་ཏེ་དགུང་གྲངས་ཞེ་བརྒྱད་ཙམ་དུ་སླེབས་སྐབས་གཟུགས་སྐུའི་བཀོད་པ་ཉེར་བསྡུ་བྱས་ཤིང་ཉིད་ཀྱི་སློབ་ཚོགས་མཁས་བཙུན་དར་རྒྱས་ཆོས་འཕེལ་ཟུང་གིས་གཙོས་སྐྱེས་ཆེན་དུ་མ་བྱོན་ཡོད།