14902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལ་མོ་ཞབས་དྲུང་སྐུ་ཕྲེང་དྲུག་པ་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ཕྱི་ལོ་ ༡༨༣༢ ལོར་སྐུ་འབུམ་མི་ཉག་ཏུ་ཡབ་ཆོས་སྐྱོང་བཀྲ་ཤིས་དང་ཡུམ་མཚོ་ཁོ་གཉིས་ཀྱི་སྲས་སུ་འཁྲུངས། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་རབ་ཏུ་བྱུང། མདོ་སྨད་མང་རའི་ཆུ་བཟང་དུ་གདན་སར་བཀོད། རྗེ་གསེར་ཁང་བ་སོགས་བསྟེན་ནས་གཞུང་རྣམས་ལ་སློབ་གཉེར་གནང། སྐུ་འབུམ་དུ་ཆོས་ཞུགས་ཀྱིས་སློབ་གཉེར་གནང་བས་མཁྱེན་རྒྱ་ཆེ་བའི་གྲགས་པ་འབར། སྤྱོད་ལམ་འཚུབ་ཅིང་རྒོད་བག་ཆེ་བས་ཕལ་བའི་བློ་ཡུལ་ལ་ཤོང་མི་ཐུབ་པའི་གྲུབ་ཐོབ་ཀྱི་སྤྱོད་པ་མང་དུ་མཛད་པར་གྲགས། མཚན་གཞན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཟེར། དགུང་ལོ་ཞེ་གཅིག་པ་ཕྱི་ལོ་ ༡༨༧༢ ལོར་སྐུ་གཤེགས།