From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངག་དབང་ཚུལ་ཁྲིམས་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་༤༡ པ་དང་། དགའ་ཁྲི་ ༦༡ ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་ནི། ཕྱི་ལོ་ ༡༧༢༡ ལྕགས་གླང་ལོར་ཅོ་ནེའི་སྡེར་གཏོགས་པའི་ས་ཡི་ཆར་འཁྲུངས། སེར་སྨད་དང་རྒྱུད་སྟོད་དུ་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལ་ཐུགས་གཉེར་མཐར་ཕྱིན་ཏེ་ཕྱི་ལོ་ ༡༧༧༨ ས་ཁྱི་ལོར་དགའ་ཁྲིར་ཕེབས། ༸རྒྱལ་དབང་སྐུ་ཕྲེང་ ༨ འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད། ཕྱི་ལོ་ ༡༧༨༥ ཤིང་སྦྲུལ་བར་ཁྲི་ལོ་བདུན་བསྐྱངས་ཏེ། ཕྱི་ལོ་ ༡༧༩༡ ལྕགས་ཕག་ལོར། གཟུགས་སྐུ་ཞི་དབྱིངས་སུ་གཤེགས།
|
ངག་དབང་ཚུལ་ཁྲིམས་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་༧༢ པ་ཤར་ཆོས་ངག་དབང་ཚུལ་ཁྲིམས་ནི། སེར་སྨད་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་དེ་ལྷ་རམས་དམ་བཅའ་འཇོག། །དེ་ནས་རིམ་བཞིན་རྒྱུད་སྟོད་དུ་ཞུགས་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་གསན་བསམ་དཔྱིས་ཕྱིན་པར་མཛད་ཅིང་རིམ་བཞིན་བླ་དབུ་དང་མཁན་ཁྲིར་ཕེབས་ཏེ་སྔར་སྲོལ་རྒྱུད་ཆེན་གོང་མའི་རྣམ་ཐར་བདག་གིར་བཟུང་བར་ཀུན་གྱིས་བཀུར་འོས་ཉིད་དུ་གྱུར། དེ་ནས་མཁན་པོའི་མཛད་རིམ་སོགས་དང་། འདུལ་གཞུང་ཀུན་གྱི་སྙིང་པོ་མ་ཚང་མ་མེད་པར་བསྡུས་པའི་སྡོམ་ཚིག་ཅེས་ཀྱང་རྩོམ་གནང་མཛད་པ་སོགས་བསྟན་འགྲོའི་མཛད་བཟང་ རྨད་དུ་བྱུང་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་བསྐྱངས་བར་མཛད།
|