14918
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དོན་རྒྱན་སོ་ལྔའི་ནང་གསེས་གཉིས་པ། དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་ཉེར་དགུ་བ་ངག་དོན་གྱི་དཔེ་ནི། དཔེ་ཅན་མང་པོ་ལ་དེའི་ཁྱད་ཆོས་ཀྱང་སོ་སོར་བཀོད་པའི་རྗེས་སུ་དེ་དང་མཚུངས་པའི་དཔེ་ཡང་རྣམ་དབྱེ་གསུམ་པ་དང་གཉིས་པ་གཙོ་བོར་བྱས་ཏེ་རིམ་པ་ལྟར་བཀོད་པའི་མཇུག་ཏུ་དཔེ་ཅན་དང་དཔེ་གཉིས་ཀའི་ཐུན་མོང་གི་ཁྱད་ཆོས་གཅིག་སྟོན་པ་ཞིག་ལ་ཟེར། འདི་ལ་བཞིན་སྒྲ་གཅིག་པ་དང་དུ་མ་ཅན་བཅས་རིགས་གཉིས་ཡོད། |
| Domain | རྩོམ་རིག |