14935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་ཙམ་ལ་ཡོད་པའི་དགོས་སོགས་ཆོས་བཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གནས་སྐབས་ལྔ་བྲལ་གྱི་འཇིག་རྟེན་གྱི་ཐ་སྙད་རང་ག་བ་ལ་ཡོད་པའི་དགོས་སོགས་ཆོས་བཞི་ལ་ཟེར། དེ་ལྟར་ཡིན་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ཡོད་དེ། ཇ་སྐོལ་ཅིག་ཅེས་བརྗོད་པའི་ཚེ། ཇ་སྐོལ་བ་བརྗོད་བྱ། ཉན་པ་པོས་དེ་རྟོགས་པ་དགོས་པ། དེ་ལ་བརྟེན་ནས་དོན་གྲུབ་པ་ཉིང་དགོས། ཉིང་དགོས་དགོས་པ་ལ་རག་ལས། དགོས་པ་ངག་དེ་ལ་རག་ལས་པ་འབྲེལ་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།