14980
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ངང་དགེ་ལྷུན་གྲུབ་དགོན་ནི། ངག་དབང་དགེ་ལེགས་རྣམ་རྒྱལ་གྱིས་བཏབ་པ་སྟེ། ཁོང་ནི་གྲུབ་ཆེན་ཚོགས་གཉིས་ཀྱི་ཐུགས་སྲས་བཀའ་བབས་མི་བརྒྱད་ཀྱི་ཡ་གྱལ་བཤད་པའི་བཀའ་བབས་སྨུག་རུ་ངང་དགེ་ཞུ་བ་དེ་ཡིན། དགོན་དེའི་གནས་ཡུལ་ནི། མདོ་ཁམས་ཟལ་མོ་སྒང་སྒོམ་སྡེ་ནང་ཆེན་དང་རི་བོ་ཆེའི་ས་མཚམས་གཏེར་གནས་ཆེན་པོ་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་བྱང་ངོས་ཡེ་གཞུང་དུ་ཡོད། གཙུག་ལག་ཁང་ཀ་བརྒྱད་ཅན་དང་། སྒྲུབ་ཁང་། མགོན་ཁང་། མཛོད་ཁང་། ཇ་ཁང་བཅས་རིམ་པར་གྲུབ་ནས་དར་རྒྱས་སུ་གནས། རིག་གསར་གྱི་སྐབས་སུ་ལྷག་མེད་བཤིགས་ནས། ཕྱི་ལོ་ ༡༩༩༥ ལོའི་བར་དུ་ཉམས་གསོ་བྱེད་མཁན་སུ་ཡང་མ་བྱུང་། ལ་དེར་བླ་མ་རིན་པོ་ཆེ་ཐར་པ་ནས་སྔར་གྱི་དགོན་གནས་ནང་ཕྱིན་སྐབས་བདེ་ཕྱིར་སྟག་ལུང་མདའ་ཞེས་པ་དེར་དགོན་གནས་གསར་བཞེངས་བྱས་ཏེ། དེ་རུ་འདུ་ཁང་ཀ་བ་ ༡༦ ཅན་དང་། སྒྲུབ་གྲྭ་ཁང་མིག་ ༢༠ ཡས་མས་དེ་རུ་རྒྱུན་སྡོད་ཇོ་མོ་ ༢༠ རྩ་གྲངས་ཀྱི་སྐུ་གསུམ་སྒྲུབ་པ་ཕུར་པ་སྒྲུབ་པ་སོགས་བྱས་ནས་བསྟན་པ་སྔར་བཞིན་གནས་པ་ལགས། ཆོས་བརྒྱུད་རྒྱལ་བ་ཀཿཐོག་པ་ཡིན་པར་བཤད། |