14981

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངང་པ་ (1)
Part of speech མིང་ཚིག
Definition བྱ་བོ་ལས་ཆེ་ཞིང་སྐེ་རིང་ལ་ལུས་ཀྱི་སྒྲོ་སྤུ་ཐམས་ཅད་དཀར་བའི་ཆུ་བྱ་ཞིག་གི་མིང་། དེ་ལ་ཁྱིམ་བྱ་ངང་པ་དང་། རི་བྱ་ངང་པ་གཉིས་ཡོད། རྒྱ་སྐད་དུ་ཨི་ཞེས་ཟེར། ཚིག་བསྡུས་ན་ངང་ཞེས་འབྲི་ཆོག
Example ངང་ཤ་ལ་བྲོ་བ་ཞིམ་པོ་ཡོད་ལྟ་བུ།
ངང་པ་ (2)
Part of speech མིང་ཚིག
Definition རྟ་སྤུ་ཁ་སེར་སྐྱ་ཅན་གྱི་མིང་ཡིན་ལ་འཇུག་སྟེ།
Example རྟ་ངང་བའི་གོམ་ཁ་རླུང་ལས་མགྱོགས་ལྟ་བུ།
ངང་པ་ (3)
Part of speech མིང་ཚིག
Definition ངུར་བའི་རིགས་སྐྱ་བོ་ལ་ཡུལ་སྐད་ལ་ལར་ངང་སྐྱ་ཟེར་ལ་ཚིག་བསྡུས་ན་ངང་ཞེས་འབྲི་ཆོག
Type ཡུལ་སྐད།
ངང་པ་ (4)
Part of speech མིང་ཚིག
Definition ངང་བའི་རིགས་སྒྲོ་མདོག་སྐྱ་བོ་ཅན་ཞིག་འདིའི་ཚིག་བསྡུས་ན་ངང་ཞེས་འབྲི།
Keyword True