15001

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངང་འདས་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ངང་འདས། རང་སངས། རང་གྲོལ། ཞེས་པ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། ནམ་མཁའི་མཐའ་ཀླས་སྒྲ་སྒྲོག་པ། །ཞེས་པའི་རྒྱུད་ཚིག་གི་འགྲེལ་པར། ཆོས་ཉིད་ནམ་མཁའ་རྒྱུ་རྐྱེན་སྐྱེ་འཇིག་མཐའ་དབུས་ཕྱོགས་རིས་མེད་པའི་ནམ་མཁའ་ནས། རྩལ་དང་རོལ་པ་དང་སྣང་ཚུལ་དང་མཚན་མ་སྣ་ཚོགས་ཀྱི་སྒྲ་སྒྲོག་པའོ། །དེ་ལ་དེར་འཛིན་མེད་ཅིང་། ནམ་མཁའ་ལ་ངང་འདས། རང་སངས། རང་གྲོལ་ལོ། །ནམ་མཁའི་མཐའ་ཀླས་ཞེས་པས་དཔེས་བསྟན་ཏེ།
Example ནམ་མཁའི་ཀློང་དཀྱིལ་ནས། འབྲུག་སྒྲ་ཐོག་གློག་ཉི་ཟླ་གཟའ་སྐར་དང་། སྤྲིན་དང་ཁུ་རླངས་ཚ་སེར་དང་། དེ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་རྣམས་བྱུང་ཡང་ནམ་མཁའི་ཀློང་ནས་བྱུང་། སངས་ཀྱང་ནམ་མཁའ་རང་ལ་སངས། ནམ་མཁའི་ངང་ནས་བྱུང་ཞིང་ཐིམ། ཐིམ་ཡང་ནམ་མཁའ་ཉིད་དུ་ཐིམ། གྲོལ་ཡང་དེ་ཉིད་རང་དུ་གྲོལ། སྤྲིན་དང་ཁུ་རླངས་ཆར་སེར་ཐོག་གློག་ནམ་མཁའི་ངང་དུ་འདས་སོ། །ནམ་མཁའ་དང་ནམ་མཁའི་ཆོ་འཕྲུལ་གཉིས་དབྱེར་མེད་པར་འདྲེས་སོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]