15044

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངན་པའི་བུ་བདུན་ (1)
Part of speech མིང་ཚིག
Definition གསང་བ་ཡང་ཏིག་ལས་གསུངས་པའི་སྐྱེས་དུས་སོགས་ངན་པའི་སྟེང་དུ་སྐྱེས་པའི་བུ་སྟེ། དེ་དག་ནི་བཤན་པ་བདུད་འབེབས་བུ་དང་། འཁོར་བ་གཏིང་ནས་ལོག་པའི་བུ། སྐྱེ་གནས་འཁོར་བར་ལོག་པའི་བུ། མདུང་ཤུལ་སྲིན་མོ་སྤར་རྗེས་ཀྱི་བུ། ལྟས་ངན་སྲིན་པོ་ཕ་གཅོད་ཀྱི་བུ། གནོད་སྦྱིན་སྲིན་མི་མ་གཅོད་ཀྱི་བུ། སྲིན་བུ་རང་ཚེ་རྒྱལ་གྱི་བུ་བཅས་བདུན་ཡིན། བརྩི་བྱ་དེ་རིགས་ལ་མི་ཁ་དགྲ་དང་ཁ་མཆུ་མང་བས་ཡུལ་འཕོ་ཞིང་ཡན་ལག་ལྷག་ཆད་འོང་། བུ་ཚ་ཡ་གསོ། ཆེ་དུས་སེམས་སྡུག་མང་། བཙའ་དུས་ཁ་བུབ་ཅིང་མགོ་བོ་འཆུས། ལྟེ་བ་རྒྱུ་མ་ལུག་པ་འདྲ། ཐ་མར་སྤྲང་འཁྱམས་སྡིག་གྲིར་འཆི། བུ་མང་ཡང་མཐར་རབས་ཆད། ཆུང་དུས་ནད་མང་ཞིང་ནོར་རྫས་ལ་གང་སྟོངས་ཤིན་ཏུ་ཆེ་བས། བཅོས་སུ་རྒྱས་འབྲིང་བསྡུས་གསུམ་དང་། ཚེ་སྒྲུབ། བྱིས་སྟོན་སོགས་བྱ་དགོས།
Domain རྩིས་རིག