15082
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་སྟོད་དུ་དབུ་རུ་འཕན་ཡུལ་དུ་འཁྲུངས། གདུང་རུས་ངན་ལམ་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཤིང་ཡོས་ཕྱི་ལོ་ ༧༧༥ ལོར་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན། སྦ་བཞེད་ལས་བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། ཞེས་གསུངས། ཡི་དམ་རྟ་མགྲིན་ལ་བཅོལ། དབེན་རྩར་སྒྲུབ་པ་མཛད། དབུ་གཙུག་ནས་རྟ་མགོ་ཐོན། རྟ་སྐད་འཚེར་བ་བྱུང། རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཅས་བཞུགས། |