From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཆོ་ག་མདོར་བསྡུས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་ཚན་འདིའི་འཕྲོར་བུ་སྟོན་དང་སྡེ་དཀར་དུ་ངན་སོང་སྦྱོང་བའི་སྒྲུབ་པའི་ཐབས་ཞེས་བྱ་བ་པཎྜི་ཏ་འགྲོ་ཀུན་བཟང་པོས་མཛད་པ། དཔལ་ལྡན་བྱང་ཆུབ་རྩེ་མོའི་བཀའ་དྲིན་ལས་ལོ་ཙཱ་བ་མངའ་རིས་པ་རྡོ་རྗེ་དཔལ་གྱིས་བསྒྱུར། ཞེས་ཕྱི་མོ་མ་རྙེད་པའི་ཆོས་ཚན་གཅིག་གི་མཚན་འཁོད། པེ་ཅིང་པར་མ་དང་། སྣར་ཐང་པར་མའི་དཀར་ཆག་ཏུའང་དེ་དང་མཚུངས་པར་འཁོད། བསྟན་འགྱུར་རྒྱུད་ཇུ་པར་བཞུགས།
|
ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཆོ་ག་མདོར་བསྡུས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱ་གར་གྱི་མཁན་པོ་ཨ་ནནྡ་པ་ར་ཧེ་ཏས་མཛད་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཆོ་ག་མདོར་བསྡུས་པ། ཆོས་ཚན་འདིའི་འཕྲོར་བུ་སྟོན་དང་སྡེ་དཀར་དུ་ངན་སོང་སྦྱོང་བའི་སྒྲུབ་པའི་ཐབས་ཞེས་བྱ་བ་པཎྜི་ཏ་འགྲོ་ཀུན་བཟང་པོས་མཛད་པ། དཔལ་ལྡན་བྱང་ཆུབ་རྩེ་མོའི་བཀའ་དྲིན་ལས་ལོ་ཙཱ་བ་མངའ་རིས་པ་རྡོ་རྗེ་དཔལ་གྱིས་བསྒྱུར། ཞེས་ཕྱི་མོ་མ་རྙེད་པའི་ཆོས་ཚན་གཅིག་གི་མཚན་འཁོད། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུའང་དེ་དང་མཚུངས་པར་འཁོད། བསྟན་འགྱུར་རྒྱུད་ཇུ་པར་བཞུགས།
|