15119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ (1)
Part of speech མིང་ཚིག
Definition སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་བུངྔྷ་ཤྲཱི་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། གོང་གི་ཆོས་ཚན་ ༡༥༣༦ ༡༥༣༨ ༡༥༣༩ ༡༥༤༠ རྣམས་ཀྱི་མཛད་པ་པོ་གཞུང་དུ་སློབ་དཔོན་ཀུན་དགའ་སྙིང་པོ་འཁོད་ཀྱང་། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་རྣམས་ཀྱི་དཀར་ཆག་ཏུ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ་ཞེས་རྩོད་པ་ཅན་དང་། ཆོས་ཚན ༡༥༤༣ པ་འདི་མཛད་པ་པོ་སློབ་དཔོན་ཀུན་དགའ་སྙིང་པོ་“རྩོད་མེད་ཡང་དག་ཡིན་ནོ་ཞེས་འཁོད། བསྟན་འགྱུར་རྒྱུད་ཇུ་པར་བཞུགས།