15121
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ཚན་འདི་བསྙེན་པ་ཡན་ཆད་བཞུགས་ལ་གཤམ་ནས་མི་ཚང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མའི་དཀར་ཆག་ཏུ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་དཀྱིལ་ཆོག་གི་འགྲེལ་པ་བསྙེན་པ་ཡན་ཆད་རྫོགས་པའི་འཕྲོ་ཞིག ། འདི་བོད་མ་འདྲ་བ་ཞིག་འདུག་སྟེ་སྔར་གྱི་རྣམས་ཀྱིས་ཀྱང་བྲིས་པས་བྲིས་སོ། །ཞེས་དང་། སྡེ་དཀར་དུ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ། འདི་བོད་མ་འདྲ་བ་ཞིག་འདུག་སྟེ་སྔར་གྱི་རྣམས་ཀྱིས་ཀྱང་བྲིས་པས་བྲིས་སོ། །ཞེས་འཁོད། ཆོས་ཚན་འདི་པེ་ཅིང་པར་མ་དང་། སྣར་པར་མ་གཉིས་ལ་མི་བཞུགས། བསྟན་འགྱུར་རྒྱུད་ཇུ་པར་བཞུགས། |