15122
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་ཅིང་བཤད་ནས་གཏན་ལ་ཕབ། འདིའི་མཛད་འགྱུར་བུ་སྟོན་དང་པེཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་“སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ་གཙུག་དགུའི་གཞུང་དང་ཆ་འདྲ་བ། པཎྜི་ཏ་སྨྲྀ་ཏིའི་རང་འགྱུར་ཟེར། དཔེ་ལ་ལ་ན་པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ཟེར་བ་སྣང་ངོ་། །ཞེས་དང་། ཡང་དཀར་ཆག་དེ་དག་ཏུ་ཆོས་ཚན་ ༡༥༣༨ པའི་མཐར་འདི་ ༡༥༣༨–༡༥༣༩ གཉིས་སྔ་མ་ ༡༥༣༨ པ་ཅུང་དྲག་པར་སྣང་ངོ་”ཞེས་སྒྲུབ་ཐབས་འདི་ཉིད་འོག་གི་ཆོས་ཚན་ ༡༥༣༩ པ་ལས་ཅུང་ལེགས་པར་གསུངས། བསྟན་འགྱུར་ཅུ་པར་བཞུགས། |