15130

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངན་སོང་སྐྱེ་སྒོ་གཅོད་པའི་མདོ་ (1)
Part of speech མིང་ཚིག
Definition བོན། ཕུན་སུམ་ཚོགས་པ་མདོ་ཡི་སྡེའི་ཁུངས་སུ་གཏོགས་པའི་བོན་གྱི་བཀའ་ཞིག་སྟེ། ད་ལྟར་མཇལ་ཡུལ་དུ་གྱུར་པའི་མི་འཇིགས་ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོའི་པར་མ་ཅན་གྱི་བོན་གྱི་བཀའ་འགྱུར་པོད་བརྒྱ་དང་དོན་བདུན་ཡོད་པས། མདོ་སྡེ་འདི་ཉིད་པོད་གྲངས་དྲུག་ཅུ་རེ་བདུན་པར་ཡོད། ཡ་ཐོག་སྟོན་པ་སངས་རྒྱས་ཀྱིས་བཀའ་འཁོར་རིམ་པ་གསུམ་དུ་བསྐོར་པའི་བར་པའི་དབང་དུ་བསྟན་པ་རྗེས་བཞག་༼ཕྱི་ལོའི་སྔོན་༡༣༥༡༦ལ་བསྟན་པ་རྗེས་བཞག་མཛད། ༽གི་སྐབས་སུ་ཀོང་རྩེ་འཕྲུལ་རྒྱལ་གྱིས། རྗེས་འཇུག་དམ་པ་འཁོར་རྣམས་ལ་ཁམས་གསུམ་འཁོར་བའི་ས་ལ་མི་གནས་པ་དང་། འཁོར་བའི་ལས་ངན་དྲི་མས་མི་བསྒྲིབ་པ་དང་། གནས་ངན་ལམ་དུ་མི་འཆའ་བའི་ཕྱིར་དུ་གསུངས་པར་ཞུ་བར་བརྟེན་ནས་སྟོན་པས་གསུངས་པའི་བཀའ་ཞིག་གོ ། ཕྱིས་སུ་བསྟན་པ་འཕེལ་འགྲིབ་ཁྲོད་དུ་བླ་ཆེན་དྲན་པ་སོགས་བོན་གཤེན་རྣམས་ནས་གཏེར་དུ་སྦས། བསྟན་པ་ཕྱི་དར་སྐབས་སུ་གཏེར་སྟོན་ལྷུན་གྲུབ་ཐོགས་མེད་ཀྱིས་ཤིང་ཕོ་སྟག་ལོ་ལ་རྒྱམ་རྡོ་ཏི་གངས་དཀར་ནས་བཏོན་ཏེ་སྡང་བགྱོང་སྨུགས་པོའི་རི་ལ་ཤོག་སེར་སྟེང་ཕབ་ནས་སྤེལ་བའོ། །དེ་ལའང་ཆ་ལག་སོགས་བསྟན་པ་ཕྱི་དར་སྐབས་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པ་མང་བས། ཆོ་ག་འདི་ཡི་བྱེད་སྒོ་ནི་བོན་པོའི་སྤྱི་ཚོགས་སུ་བྱས་དང་བྱེད་མུས་རེད།
Domain ཆོས་ལུགས།