15135
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། རྣལ་འབྱོར་རྒྱུད་ལ། བླ་མ་རྣམས་ཀྱི་བཞེད་པར། རྩ་རྒྱུད། བཤད་རྒྱུད། ཆ་མཐུན་གྱི་རྒྱུད་གསུམ་ལས། འདི་ཆ་མཐུན་གྱི་རྒྱུད་ཡིན་པ་བཤད་དོ། །ཞེས་དང། བརྗོད་བྱའི་དབྱེ་བ་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གཙོ་བོར་གྱུར་པ་དྲུག དེ་བཞིན་གཤེགས་པ་ལ་འཇིག་རྟེན་པའི་འཁོར་གྱིས་བསྐོར་བའི་དཀྱིལ་འཁོར་དྲུག རོ་སྲེག་པའི་དཀྱིལ་འཁོར་རྒྱས་པ་གཅིག། ལས་བཞིའི་སྦྱིན་སྲེག་བཞི་སྟེ། བཅུ་བདུན་བརྗོད་བྱའི་གཙོ་བོ་ཡིན་ལ། དཀྱིལ་འཁོར་བཅུ་གཉིས་པོ་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང། རྡུལ་ཚོན་གྱི་དཀྱིལ་འཁོར་དང། ཀུན་རིག་དང་ཤཱཀྱ་ཐུབ་པས་དཔང་པོ་བྱས་ནས་རས་ལ་བྲི་བ་དང་གསུམ་དུ་ཕྱེ་ན་སོ་དྲུག་དང། སྡོམ་པས་བཞི་བཅུ་ཞེ་གཅིག་ཏུ་འགྱུར་བ་ཡིན་ནོ། །དེ་དག་ཐམས་ཅད་བསྡུ་ན་འདི་ལྟར་གོ་བར་བྱ་སྟེ། བརྗོད་བྱའི་གཙོ་བོ་ནི་དཀྱིལ་འཁོར་དྲུག་གམ་བཅུ་གཉིས་ཡིན་ལ། རོ་སྲེག་དང་སྦྱིན་སྲེག་གཉིས་ནི་དེའི་ཕྲིན་ལས་ཡིན་ཞིང། བཟླས་པ་དང། དངོས་གྲུབ་ཀྱི་ཡེ་ཤེས་དང། ཕྱག་རྒྱའི་ཡེ་ཤེས་རྣམས་ནི་དེ་དག་གི་གྲོགས་སུ་གྱུར་པ་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་རྣམ་བཤད་གཞན་ཕན་ཀུན་ཁྱབ་ལས་སོ། ། ཤར་བླ་མའི་ཀུན་རིག་གི་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས། སྔ་རབས་པ་རྣམས་ཀྱི་གསུང་སྒྲོས་ལ། རྒྱུད་ཆུང་འདི་ལ་སྟོན་པ་གཉིས། །བརྟག་པ་གཉིས་ལ་སྟོན་པ་གསུམ། །ཞེས་གསུངས་པ་ལྟར། སྦྱོང་རྒྱུད་འདི་ལ་གཞུང་ཚད་ཤླཽཀ་སྟོང་དང་བམ་པོ་གསུམ་ཡོད་ཅིང་། བརྟག་པ་གོང་འོག་གཉིས་ཡོད་དོ། །སྟོན་པ་ནི། བརྟག་པ་དང་པོ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས། བརྟག་པ་ཕྱི་མ་ལ་དཀྱིལ་འཁོར་བཅུ་གཅིག་ཡོད་པ་དང་པོ་བཅུ་ཕྱག་ན་རྡོ་རྗེ་ཞི་བས་གསུངས་ཤིང་། ཕྱི་མ་བཅུ་གཅིག་པ་གདུལ་བྱ་མ་རུངས་པ་རྣམས་འདུལ་བའི་དོན་དུ་སྔར་གྱི་ཕྱག་རྡོར་དེ་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་བསྒྱུར་ཏེ་གསུངས་པས་ན་སྟོན་པ་གསུམ་ཡིན། དེ་གསུམ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་ནོ། །གནས་ནི་རི་རབ་ཀྱི་ཕྱོགས་བཞི་ན་ཚལ་ཆེན་པོ་བཞི་ཡོད་པའི་བྱང་ཕྱོགས་དགའ་བའི་ཚལ་དུ་གསུངས། དུས་ནི་ལྷའི་བུ་ནོར་བུ་དྲི་མ་མེད་པ་སུམ་ཅུ་རྩ་གསུམ་གྱི་གནས་ནས་ཤི་འཕོས་ནས་མནར་མེད་དུ་སྐྱེས་ཏེ་མིའི་ཞག་བདུན་པ་ལ། སྔོན་བྱུང་ལྷའི་བུ་ནོར་བུ་དྲི་མ་མེད་པ་དང་། རྗེས་འཇུག་གདུལ་བྱ་རྣམས་ངན་སོང་རྒྱུ་དང་བཅས་པ་ལས་གྲོལ་བའི་ཕྱིར་གསུངས། རྒྱུད་ཀྱི་བཞུགས་ཚུལ་ནི། བརྟག་པ་དང་པོ་རྩ་རྒྱུད་དང་། ཕྱི་མ་བཤད་རྒྱུད་ཀྱི་ཚུལ་དུ་བཞུགས་པའམ། ཡང་ན་བརྟག་པ་དང་པོ་རྩ་རྒྱུད་དང་། བརྟག་པ་ཕྱི་མའི་དཀྱིལ་འཁོར་བཅུའི་གཞུང་རྣམས་རྒྱུད་ཕྱི་མ་དང་། མེ་ལྟར་འབར་བ་མན་ཆད་རྒྱུད་ཕྱི་མའི་ཡང་ཕྱི་མའི་ཚུལ་དུ་བཞུགས་སོ་ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |