From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངམ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ངའི་རྗེས་སུ་ངམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཉོན་མོངས་དུག་གསུམ་ནི། གཏི་མུག་གམ། འདོད་ཆགས་སམ། ཞེ་སྡང་ངོ་ལྟ་བུ།
|
ངམ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ངའི་རྗེས་སུ་ངམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་རྣམས་ནི་ཉོན་མོངས་དུག་གསུམ་མོ་ལྟ་བུ།
|
ངམ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
འདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ངའི་རྗེས་སུ་ངམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
མི་ལ་རས་པའི་རྣམ་ཐར་ལས། ཁྱེད་རང་ལ་དབང་བའི་ནོར་གསེར་སེ་བ་གཅིག་གམ། ནས་ཕུལ་གང་ངམ། མར་ཉག་གཅིག་གམ། གོས་དར་རྐྱང་སྣ་གཅིག་གམ། དུད་འགྲོ་ཚེ་འཛུགས་གཅིག་ཀྱང་མིག་གིས་མ་མཐོང་། ཞེས་འབྱུང་བ་ལྟ་བུ།
|
ངམ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ངའི་རྗེས་སུ་ངམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
གཞོན་ནུ་ཟླ་མེེད་ལས། སྲིད་པ་གཞོན་ནུ་འོང་བ་ལེགས་སོ། འཚོ་བ་བདེའམ། བསྐྱོད་པ་ཡང་ངམ། ངལ་ཞིང་དུབ་པར་མ་གྱུར་ཏམ། ད་ནི་བདེ་བ་ལ་རེག་པར་གྱུར་ཏོ་ཞེས་བརྗོད། ཅེས་པ་ལྟ་བུ།
|
ངམ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
རང་བཞིན་ནམ་གཤིས་ཀ་དང་འབྲེལ་བའི་རྣམ་འགྱུར་གྱི་དོན་ཏེ།
|
| Example
|
ཕ་ལགས་མི་ངམ་དཀར་སྣང་བ་སྐྱིད་པོ་ཅན་ཞིག་ཡིན་ལྟ་བུ།
|
ངམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྐས་ཐེམ་གྱི་དབྱིབས་དང་འདྲ་བའམ་མཐོ་གཟར་གྱི་གད་པའི་མིང་སྟེ།
|
| Example
|
ངམ་ཁར་འགྲོ་དུས་ཡིད་གཟབ་གནང་རྒྱུ་གལ་ཆེ་ལྟ་བུ།
|