15149

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངམ་རྫོང་རས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་མགོར་མདོ་ཁྲ་ལྕིམ་ལུང་དུ་འཁྲུངས། གྲུབ་ཐོབ་པ་ཞིག་ཡིན། གདུང་རུས་ངམ་རྫོང་ཡིན། བྱམས་ཆོས་སྡེ་ལྔར་མཁས་པར་སྦྱངས། ངམ་རྫོང་སྟོན་པའང་ཞུ། རྗེ་བཙུན་མི་ལའི་ཞབས་ལ་གཏུགས། གདམས་ངག་རྣམས་རྫོགས་པར་ཐོབ། རྗེ་བཙུན་མི་ལའི་བཀའ་བསྡུ་བའང་མཛད། གུང་ཐང་རས་པ་ལ་བདེ་མཆོག་གི་སྙན་བརྒྱུད་རྫོགས་པར་གནང་། རྗེ་བཙུན་མི་ལའི་སློབ་མ་རས་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན། སློབ་མ་གྲགས་ཆེ་བ་ནི་གུང་ཐང་རས་པ་དང་། གཉའ་བ་གསུང་བཅད་པ་ཉི་མ་སེང་གེ་བཅས་ཡིན།