15151
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ངམ་རིང་ཆོས་སྡེ་འདི་ཉིད་ནི། ཐོག་མར་བྱང་བདག་དཔོན་ཆེན་གྲགས་པ་དར་གྱིས་བཏབ་པ་དང་། བར་དུ་བྱང་བདག་སྐུ་མཆེད་རིམ་བྱུང་གིས་དར་རྒྱས་མཛད། མང་ཐོས་བསྟན་རྩིས་ས་སྐྱ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་སུམ་སྟོང་བཞི་བརྒྱ་ཉི་ཤུ་ཁ་འདྲེན་གྱི་སྐབས་སུ་བཏབ་པར་སེམས་ཏེ། མཁན་པོ་གསུམ་པ་གངས་ཁྲོད་པ་གྲགས་པའི་དཔལ་གྱིས་དགུང་ལོ་བཞི་བཅུ་ལོན་པ་ལྕགས་མོ་ལུག་ལོར། སི་ཏུ་རྡོ་རྗེ་མགོན་པོ་དང་འཛིམ་པ་རྒྱལ་མཚན་དཔལ་གྱིས་བཀས་བསྐུལ་ཏེ་མཁན་པོ་མཛད་ལོ་དེ་ལ་མཁན་སློབ་དྲུག་བཅུ་ཙམ་ལས་མ་མེད་ཀྱང་། ལོ་གཉིས་ནས་བརྒྱ་དང་བཅུ་བཞིར་འཕེལ་བས་བརྒྱ་སྟོན་བཟང་པོ་མཛད་ཅེས་གངས་པའི་རྣམ་ཐར་ན་བཞུགས་ཞེས་གསལ། ནང་རྟེན་ནི། རྟེན་གྱི་གཙོ་བོར་ལི་ལས་གྲུབ་པའི་ཐུབ་དབང་ཐོག་ཚད་དང་། འདུ་ཁང་རང་དུ་གསེར་ཟངས་ཀྱི་ཚེ་དཔག་མེད་དང་། ཐུབ་དབང་། གནས་བཅུ་བྲག་རིས་མ་སོགས་ནང་རྟེན་ཤིན་ཏུ་མང་། དེ་ནས་ཕྱི་ལོ་ ༡༤༣༤ ལོར་བྱང་བདག་པོ་དཀོན་ཅོག་བཟང་པོས་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་སྤྱན་དྲངས། གཙུག་ལག་ཁང་ཀ་བ་བརྒྱད་བཅུ་དང་། བྱམས་སྐུ་ཁྲུ་དོན་ལྔ་པ་བཞེངས་པ་དང་། བྱང་བདག་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་ལ། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་ལུང་ལས་དངུལ་ཐམ་དང་། སི་ཏུའི་ཐམ་ཀ་བསྩལ། རྗེ་འདིས་དུས་འཁོར་བློས་བསླངས་ཀྱི་དཀྱིལ་འཁོར་ཁྱད་པར་ཅན་བཞེངས་པ་དེ་ཉིད་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱི་ལོ་ ༡༦༨༠ ཡས་མས་པོ་ཏ་ལར་གདན་དྲངས་ཏེ་ད་ལྟའང་དུས་འཁོར་ལྷ་ཁང་དུ་བཞུགས། གཞན་ཡང་དངུལ་ལས་གྲུབ་པའི་བྱམས་ཆེན། དུས་འཁོར། བཀའ་འགྱུར་བྱང་བརྩེགས་མ། སོགས་མང་དུ་བཞེངས། སྐབས་དེར་དགེ་འདུན་གྱི་སྡེ་བདུན་བརྒྱ་ལྷག་ཙམ་བྱུང་། མཁས་གྲུབ་ཀྱང་རྫོང་པ་ཀུན་དགའ་རྒྱལ་མཚན། གཙང་བྱམས་པ་པ་རྡོ་རྗེ་རྒྱལ་མཚན། བོ་དོང་པཎ་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་ཚབ་དར་མ་རིན་ཆེན་སོགས་སོགས་གསན་བསམ་ཀྱང་འདི་ནས་མཛད། ངམ་རིང་གི་ས་དགེའི་གྲྭ་ཚང་ཉེར་ལྔ། དཔལ་ལྡན་ས་སྐྱ་པའི་གྲྭ་ཚང་བཅོ་ལྔ་ནི། དཀར་ལེགས་པ། དཀར་པོ་ཤར། མངོན་དགའ་ཤར་པ། སྟག་རྩེ་བ། ཆོས་གླིང་པ། མཐོང་སྨོན་པ། སྣང་རིག་པ། ལྷ་སྡིངས་པ། སྡེ་ཕུག་པ། ཚར་གུང་པ། ཀ་ཚལ་པ། ཆོས་ལུང་པ། ཡ་ག་ཆོས་སྡིངས་པ། ཆོས་འཁོར་སྡིངས་པ། ཆོས་འཁོར་སྒང་པ། སྐར་ཁུང་པ་རྣམས་སོ། །རི་བོ་དགའ་ལྡན་པའི་གྲྭ་བཅུ་ནི། སྡེ་གུང་པ། བདེ་གླིང་ཤར་པ། གཅུང་རྟ་ཤར་པ། བཅུ་འབུམ་སྤོ་ཐོག་བཀྲིས་སྒང་། བསམ་གྲུབ་དགའ་ལྡན། མདོག་བུམ་པ། ཆོས་ལུང་ལྷོ་པ། སྤང་ཡུལ་བདེ་བ་ཅན་པ། མུས་ཀྱི་ཆོས་ལུང་ཤར། ལུང་དགའ་ལྡན་པ་བཅས་སོ། ། |