15195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངལ་གསོ་སྐོར་གསུམ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་ནང་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱིས་མཛད་པའི་རྫོགས་པ་ཆེན་པོ་སྤྱིའི་གཞུང་ཚན་ཞིག་གི་མཚན་ཏེ། སེམས་ཉིད་ངལ་གསོ། བསམ་གཏན་ངལ་གསོ། སྒྱུ་མ་ངལ་གསོ་བཅས་ཡིན། སེམས་ཉིད་ངལ་གསོ་ལེའུ་བཅུ་གསུམ་པའི་རང་བཞིན་དུ། དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ། ལྟ་བ་མཐའ་གཉིས་ལ་མི་གནས་པའི་གཞི་རྣམས་རྒྱ་ཆེར་བསྟན་ནས། ཆ་ཤས་ལམ་དང་འབྲས་བུའི་རིམ་པའང་འཕྲོས་པའི་ཚུལ་དུ་བཤད། བསམ་གཏན་ངལ་གསོར་དེ་ལྟར་གཞི་རྟོགས་ནས་ལམ་བསྒོམ་པ་ལ་འཇུག་ཚུལ་ལེའུ་གསུམ་གྱི་རང་བཞིན་དུ། གང་དུ་བསྒྲུབ་པའི་གནས་དང་། སྒྲུབ་པ་པོའི་གང་ཟག་དང་གང་ལྟར་སྒྲུབ་པའི་ཐབས། གང་བསྒྲུབ་པའི་ཏིང་ངེ་འཛིན་རྣམས་བསྟན། སྒྱུ་མ་ངལ་གསོ་རུ་ལམ་སྒྲུབ་པའི་སྐབས་ཆོས་ཀུན་ལ་མ་ཆགས་མ་ཞེན་པར་འབའ་ཞིག་གཙོ་བོར་སྟོན་དགོས་པས། དེའི་གྲོགས་སྤྱོད་པའི་རིམ་པ་རྒྱ་ཆེར་གསལ་བའི་ཕྱིར་སྒྱུ་མའི་དཔེ་བརྒྱད་དུ་ཆོས་ཐམས་ཅད་ཇི་ལྟར་སྤྱད་ཅིང་ཉམས་སུ་ལེན་པའི་རིམ་པ་གསལ་བར་གསུང་པའི་གཞུང་ལུགས་ཤིག་ཡིན།