15196
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ངལ་གསོའི་ཐེག་པ་ནི། ཉན་རང་གི་ཐེག་པ་སྟེ། མིང་གི་རྣམ་གྲངས་ལ། རྒྱུའི་ཐེག་པ་དང་། རྐང་སྟེགས་ཀྱི་ཐེག་པ་ཞེས་ཀྱང་གྲགས་ཏེ། ཡིད་ཀྱི་མུན་སེལ་ལས། དེ་ལྟར་རང་སངས་རྒྱས་ནི་ཉན་ཐོས་དང་གྲུབ་པའི་མཐའ་གཅིག་པས་དེའི་ཁོངས་སུ་བསྡུས་ལ། ཉན་ཐོས་ནི་ཕྱིས་ཐེག་པ་ཆེན་པོར་འཇུག་པས། རྒྱུའམ། རྐང་སྟེགས་སམ། ངལ་གསོའི་ཐེག་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཙམ་མཐུན་པར་བསྡུས་པ་ཡིན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |