15205
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དཀའ་ཚེགས་ཀྱིས་བསྒྲུབ་མ་དགོས་པར་ལྷག་པར་རྙེད་ན་དར་རམ་རས་ཡུག་ཆེན་ནམ། བེའུ་རས་སམ། ཞེས་པ་ནས། ཉི་འོག་གི་གོས་སམ་གཞན་ཡང་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱེད་ཀྱིས་ལོངས་ལ་ཚོད་ཟིན་པར་གྱིས་ཤིག ཅེས་གདམ་པ་ལྟར། རང་ཚུལ་ཁྲིམས་དང་བརྩོན་འགྲུས་གཉིས་ཀ་དང་ལྡན་པས་དེ་དག་ལ་ཚོད་ཟིན་པར་བྱས་ལ་མ་ཆགས་མ་ཞེན་པའི་ངང་ནས་ལོངས་སྤྱད་པར་བྱའོ། །རྩོལ་མེད་དུ་རྙེད་ཀྱང་ལོངས་མི་སྤྱོད་ན་ངལ་ཞིང་དུབ་པའི་མཐའ་ཡིན་ནོ། །གཞུང་འདིར། གོས་སྟོང་ཕྲག་བརྒྱ་བ་དང། ཞེས་སོགས་གསུངས་པས་ནི་གོས་དང། ཟས་དང་གནས་མལ་གསུམ་ཀ་ལ་ངལ་ཞིང་དུབ་པའི་མཐའ་སྤོང་བ་བསྟན་པར་ཤེས་པར་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། |
| Domain | ཆོས་ལུགས། |