15234
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལུས་སྤྱིའི་སྤུ་མདོག་ངང་སེར་རམ་ངང་དམར་ལ་མགོ་དང་སྐེ་གཉིས་ངང་སྐྱ་ཡིན་པ་དང༌། མིག་སྒོར་ལ་ཆུང་བའི་མདོག་ཁམ་སེར་ཡིན་ཞིང༌། མཆུ་མདོག་སྨུག་པོ་རྩི་ནག་ཅིང་རྐང་པ་དང་མཛུབ་མོ་དམར་ལ་སྡེར་མོ་ནག་པོ་ཡིན་པ། རྒྱུན་དུ་འཚོ་གནས་བྱེད་ཡུལ་མཚེའུ་དང༌། དལ་ཙམ་རྒྱུག་པའི་ཆུ་བོ། ན་འདམ་སོགས་ཀྱི་ནང་དུ་ཡིན་ཞིང༌། ཕོ་མོ་གཉིས་མཉམ་དུ་གནས་པ་དང༌། སྐབས་འགར་ཆུ་འགྲམ་གྱི་བྱེ་མའི་ནང་དང་ན་གཤོངས་སུ་སྡོད་ཀྱི་ཡོད། འགྲོ་ན་མགྱོགས་ལ་འཕུར་ན་མྱུར་བ། ཆུ་རྐྱལ་བྱེད་དུས་སྐེ་གྱེན་དུ་དྲང་པོར་སྒྲེང་བ་དང༌། ཟས་སུ་གཙོ་བོ་ཆུ་ནང་གི་རྩྭ་རིགས་ཟ་བར་མ་ཟད། འབུ་སྲིན་གྱི་རིགས་དང་ཉ་སོགས་ཟ་བ་ཡིན། ཆུ་འགྲམ་གྱི་གཡམ་མའི་གསེབ་དང༌། ས་དོང༌། གྲོག་མོ་སོགས་སུ་ཚང་བཟོས་ནས་ཟླ་བ་དྲུག་པའི་ནང་དུ་སྒོ་ང་གཏོང་བའི་དུས་ཡིན་པས་ཚང་ནང་དུ་ཐེངས་གཅིག་ལ་སྒོ་ང་དྲུག་ནས་བཅུ་བར་གཏོང་བ་ཡིན། |