15262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་ (1)
Part of speech བྱ་ཚིག
Definition དོན་ཤེས་ཤིང་སེམས་ལ་བཟུང་བའི་དོན་ཏེ།
Keyword True
Example སྨན་གཞུང་བློ་ལ་ངེས་པའི་སྨན་པ་ལྟ་བུ་དང་། དོན་རྣམས་བློ་ལ་ངེས་པོ་གནང་རོགས་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ངེས་ (1)
Part of speech མིང་ཚིག
Definition སྙན་གཞུང་མེ་ལོང་མའི་ལེའུ་གཉིས་པར་བསྟན་པའི་རབ་རྟོག་གསལ་བྱེད་ཀྱི་སྒྲའི་ནང་གསེས་གསུམ་པ་སྟེ། སེམས་མེད་ལ་སེམས་ལྡན་བཞིན་དུ་སྒྲོ་བཏགས་ནས་བརྗོད་པ་ཞིག་ལ་ཟེར།
Example བོད་མཁས་པས། མཛེས་མ་ཁྱོད་ཀྱི་བཞིན་གྱི་ཡོན་ཏན་རྣམས། །བག་མེད་བཟུང་བའི་པདྨ་གཞོན་ནུའི་ཚོགས། །གང་གི་སྐྲ་ཚོགས་དག་ལ་བཅིངས་མཐོང་སྟེ། །རྒྱུ་སྐར་བདག་པོ་མཁའ་ལ་འཛེགས་པར་ངེས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག