From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ངེས་གནས་ (1)
| Part of speech
|
མིང་ཚིག
|
| Definition
|
གཞི་གང་ཡང་རུང་བར་ངེས་པར་གནས་ཤིང་ཡོད་པའི་དོན།
|
ངེས་གནས་ (2)
| Part of speech
|
མིང་ཚིག
|
| Definition
|
བྱང་སེམས་ཀྱི་བྱེ་བྲག་ཅིག་སྟེ། མཚན་སུམ་ཅུ་རྩ་གཉིས་རྣམ་པར་སྨིན་པ་ཅན་གྱི་ལས་གསོགས་པའི་མགོ་བརྩམས་པ་དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ངེས་གནས་སུ་འཇོག་ཅིང་། བསྐལ་པ་བརྒྱ་ན་སངས་རྒྱས་ཐོབ་པར་ངེས་པས་ན་ངེས་གནས་ཞེས་ཟེར། བྱང་སེམས་དེ་ནི་དེ་ཕན་ཆད་བདེ་འགྲོར་སྐྱེ་བ་དང༌། དེའི་ནང་ནས་ཀྱང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པའི་རིགས་མཐོ་བར་སྐྱེ་བ་དང༌། མིག་སོགས་དབང་པོ་ཚང་བར་འགྱུར་བ་དང༌། ཕོར་འགྱུར་བ་དང༌། སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པ་དང༌། བསྐལ་པ་བརྒྱ་ལས་ཕྱིར་མི་ལྡོག་པར་སངས་རྒྱས་ཐོབ་པར་འགྱུར་བ་ཞེས་བྱ་བའི་ཁྱད་ཆོས་དྲུག་དང་ལྡན་པ་ཡིན།
|
| Domain
|
ཆོས་ལུགས།
|