15265
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ངེས་བཟུང་དང་འདྲ་སྟེ། དམིགས་སུ་དགར་བའི་དོན། འགེར་བྱེད་ཀྱི་ཕྲད་ནི་དེ་སྒྲ། འདི་སྒྲ། ནི་སྒྲ། ལ་སྒྲ་བཅས་ཡིན། |
| Example | ཆང་ཕོར་དེ་ངའི་ཡིན། དེབ་དེ་ཁྱོད་ཀྱིས་ཀློགས། སྨན་འདི་གང་ནས་ཉོས་པ་ཡིན། ཚུལ་ཁྲིམས་ནི་སྲོག་དང་བསྡོས་ཏེ་བསྲུང་བར་བགྱིའོ། །ལམ་སྒྲོན་ལས། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་གཞག་པར་བྱ། །ཞེས་གཅིག་དག་ལ་ཞེས་པ་ངེས་བཟུང་གི་ཚིག་ཏུ་རྗེའི་ལམ་རིམ་འབྲིང་པོར་གསུངས་པ་ལྟར་རོ། ། |
| Domain | སྒྲ་རིག་པ། |