15271
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས། དོན་དམ་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་མདོའོ། །ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །ཞེས་གསུངས་པའི་ཕྱིར། དེས་ན་གྲུབ་མཐའ་སྨྲ་བ་བཞི་ཆར་གྱི་ལུགས་ལ། རང་རང་གི་དོན་དམ་བདེན་པ་ངེས་དོན་དུ་འདོད་དོ། །ཞེས་དང་། པཎ་ཆེན་ཤཱཀ་མཆོག་གི་དབུ་མ་རྣམ་ངེས་ལས། ངེས་པའི་དོན་ཅན་གྱི་གསུང་རབ་ཀྱི་མཚན་ཉིད་ནི། གདུལ་བྱའི་ཁྱད་པར་དོན་དམ་པའི་བདེན་པ་སྟོན་པ་སྐབས་སུ་བབ་པའི་གདུལ་བྱ་ལ་བསྟན་བྱའི་ཁྱད་པར་དོན་དམ་པ་ཉིད་གནས་སྐབས་དང་མཐར་ཐུག་གི་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་གསུང་རབ་བོ། །ངེས་དོན་གྱི་སྒྲ་ཇི་བཞིན་པ་ནི། ཆོས་ཐམས་ཅད་བདག་མེད་དུ་སྟོན་པའི་མདོ་ལྟ་བུའོ། །སྒྲ་ཇི་བཞིན་པ་མ་ཡིན་པ་ལ་གཉིས་ལས། དགོངས་པ་ཅན་ནི། བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་མདོ་ལྟ་བུའོ། །དགོངས་པ་ཅན་མ་ཡིན་པ་ནི། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |